53960

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚན་བཟང་པོ་སུམ་ཅུ་སོ་གཉིས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་བཟང་པོ་སོ་གཉིས་བཞག་དུ་ཡོད་དེ། ལོངས་སྐུའི་ཕྱག་ཞབས་འཁོར་ལོའི་མཚན་དང་ལྡན་པ། ཞབས་རུས་སྦལ་བཞིན་དུ་གནས་པ། ཕྱག་ཞབས་ཀྱི་སོར་མོ་རྣམས་དྲ་བས་འབྲེལ་བ། ཕྱག་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ། བདུན་དག་མཐོ་བ། སོར་མོ་རྣམས་རིང་བ། རྟིང་པ་ཡངས་པ། སྐུ་ཆེ་ཞིང་དྲང་བ། ཞབས་ཀྱི་པུས་མོ་ཕྱིར་མི་མངོན་པ། སྤུ་རེ་རེ་ནས་གྱེན་དུ་ཕྱོགས་པ། བྱིན་པ་རི་དྭགས་ཨེ་ན་ཡའི་འདྲ་བ། ཕྱག་རིང་ཞིང་མཛེས་པ། འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ། པགས་པ་གསེར་མདོག་ལྟ་བུ། པགས་པ་འཇམ་ཞིང་སྲབ་པ། སྐུའི་སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བ། ཞལ་མཛོད་སྤུས་བརྒྱན་པ། རོ་སྟོད་སེང་གེའི་འདྲ་བ། དཔུང་མགོ་ཟླུམ་པ། ཐལ་གོང་རྒྱས་པ། ལྗགས་ལ་རོ་མི་ཞིམ་པའང་རོ་མཆོག་ཏུ་སྣང་བ། སྐུ་ནྱ་གྲོ་ངྷ་ལྟར་ཆུ་ཞེང་གབ་པ། དབུ་གཙུག་ཏོར་དང་ལྡན་པ། ལྗགས་རིང་ཞིང་མཛེས་པ། གསུང་ཚངས་པའི་དབྱངས་འདྲ་བ། འགྲམ་པ་སེང་གེའི་འདྲ་བ། ཚེམས་ཤིན་ཏུ་དཀར་བ། ཚེམས་ཚད་མཉམ་པ། ཚེམས་ཐག་བཟང་བ། ཚེམས་གྲངས་བཞི་བཅུ་ཚང་བ། སྦྱན་མཐོན་མཐིང་འདྲ་བ། སྤྱན་གྱི་རྫི་མ་མཆོག་གི་འདྲ་བ་རྣམས་དེ་ཡིན་པའི་ཕྱིར་ཏེ། ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་བ་དང། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང། །ཞབས་འབུར་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ན་ཡའི་འདྲ་ཕྱག་རིང་མཛེས། །འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་པགས་པ་སྲབ་པ་དང། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེའི་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །སྐུ་ནི་ནྱ་གྲོ་ངྷ་ལྟར་ཆུ་ཞེང་གབ། །གཙུག་ཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང། །ཚངས་དབྱངས་འགྲམ་པ་སེང་གེའི་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟང་དང། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་གསུངས་པའི་ཕྱིར། །
Domain ཆོས་ལུགས།