53987

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚན་མ་རྫས་ལས་གྲུབ་པའི་དཀྱིལ་འཁོར་ (1)
Part of speech མིང་ཚིག
Definition བོན། འདུལ་ཞིང་འཇིག་རྟེན་ཁམས་ཀྱི་བཀོད་པ་དང། འདུལ་བྱེད་ལྷའི་ཞིང་ངམ་དཀྱིལ་འཁོར་ཕོ་བྲང་རྣམས་རྡུལ་ཚོན་སོགས་ཀྱིས་བྲིས་པ་དང་བླུགས་པ་རྣམས་ཡིན་ཏེ། གཟི་བརྗིད་པོད་གསུམ་པ་ལས། མཚན་མ་རྫས་ལས་གྲུབ་པའི་དཀྱིལ་འཁོར་ལ་གཉིས་ཏེ། འཇིག་རྟེན་གཏོས་སུ་གསལ་བ་དང། རྡུལ་མཚོན་ལག་གིས་བཞེངས་པ་དང་གཉིས། ཞེས་སོ། །འཇིག་རྟེན་གཏོས་སུ་གསལ་བའི་དཀྱིལ་འཁོར་ནི། མཛོད་གཞུང་ལྟར་རི་རབ་རི་བདུན་གླིང་བཞི་གླིང་ཕྲན་ཉི་ཟླས་བརྒྱན་པའི་ཚངས་རྒྱུང་གི་འཇིག་རྟེན་གྱི་བཀོད་པ་ཞིག་ཡིན་ཏེ། དེ་ཉིད་ལས། ཚངས་རྒྱང་གི་འཇིག་རྟེན་གྲངས་མེད་པ་ཡས་མར་དུ་བརྩིགས་པ་དང། ཕན་ཚུན་དུ་བཀྲམ་ནས་གནས་ཏེ། དེ་ཡང་རི་རབ་གླིང་བཞི་རི་བདུན་རོལ་མཚོ་ལྕགས་རི་འཁོར་མོ་བཅས་པའོ། །འཇིག་རྟེན་གཏོས་ཀྱི་དཀྱིལ་འཁོར། ཞེས་སོ། །རྡུལ་མཚོན་ལག་གིས་བཞེངས་པའི་དཀྱིལ་འཁོར་ནི། རྡུལ་ཚོན་དང་ཚོན་སོགས་ཀྱིས་བྲིས་པ་དང་བླུགས་པའི་མདོ་སྔགས་ཆོ་གའི་དཀྱིལ་འཁོར་རྣམས་ཡིན་ནོ། །
Domain ཆོས་ལུགས།