53997

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚན་མཚོན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཤེས་མཚན། ཁྱད་མཚན། བྱེད་མཚན་གསུམ་གྱི་ངོ་བོ་ཉིད་མཚན་མཚོན་པར་བྱེད་པའི་མཚོན་ཚུལ་ལ་སྤྱིའི་མཚོན་ཚུལ་དང༌། བྱེ་བྲག་གི་མཚོན་ཚུལ་གཉིས། དང་པོ་ནི། སེམས་དཔའི་རྒྱུད་ཀྱི་ངོ་བོ་ཉིད་ཀྱི་རྣལ་འབྱོར་བཅུ་དྲུག་པོ་མཚན་གཞི། སེམས་དཔའི་ལམ་ཤེར་ཕྱིན་ཡིན་པར་མཚོན། རང་གི་ཐོབ་བྱར་གྱུར་པའི་འབྲས་བུ་ཤེར་ཕྱིན་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་བྱང་སེམས་ཀྱི་ཡེ་ཤེས་ཡིན་པ་ཞེས་འགོད། གཉིས་པ་ནི། བྱང་སེམས་ཀྱི་རྒྱུད་ཀྱི་ངོ་བོ་ཉིད་ཀྱི་རྣལ་འབྱོར་དང་པོ་བཞི་མཚན་གཞི། སེམས་དཔའི་གཞི་ཤེས་སྦྱོར་བ་ཡིན་པར་མཚོན། དེ་བཞིན་གཤེགས་པ་འབྱུང་བ་སོགས་མཚན་ཉིད་དེ་ཡིན་པ། ཞེས་དང༌། དེ་འདྲ་བའི་རྣལ་འབྱོར་བར་པ་ལྔ་མཚན་གཞི། ལམ་ཤེས་སྦྱོར་བ་ཡིན་པར་མཚོན། དེའི་མཚན་ཉིད་དེ་ཡིན་པ། ཞེས་དང༌། དེ་འདྲའི་རྣལ་འབྱོར་ཕྱི་མ་བདུན་མཚན་གཞི། རྣམ་མཁྱེན་སྦྱོར་པ་ཡིན་པར་མཚོན། དེའི་མཚན་ཉིད་དེ་ཡིན་པ། ཞེས་དང༌། སེམས་དཔའི་རྒྱུད་ཀྱི་ཐེག་ཆེན་གྱི་མཐོང་ལམ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་པོ་མཚན་གཞི། ཉན་རང་གི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པའི་སྦྱོར་བ་ཡིན་པར་མཚོན། དེའི་མཚན་ཉིད་དེ་ཡིན་པ། ཞེས་དང༌། མཁྱེན་གསུམ་སྦྱོར་བ་མཚན་གཞི། གཞན་དོན་སྒྲུབ་པའི་བྱེད་ལས་ཁྱད་པར་ཅན་གྱི་སྦྱོར་བ་ཡིན་པར་མཚོན། ཕན་བདེ་སྐྱོབ་པ་སོགས་བྱེད་པ་བཅུ་གཅིག་པོ་གང་རུང་གིས་ཁྱད་པར་དུ་བྱས་པའི་བྱང་སེམས་ཀྱི་མཁྱེན་པར་དམིགས་པ་ཡིན་པ། ཞེས་འགོད་དོ། །ལམ་ཤེར་ཕྱིན་གྱི་རྣལ་འབྱོར་དེ་མཚན་ཉིད་ཀྱི་སྒོ་ནས་མཚོན་པ་ལ་ཆོས་ཅན། དགོས་པ་ཡོད་དེ། ལམ་ཤེར་ཕྱིན་དེ་འབྲས་བུ་ཤེར་ཕྱིན་ཐོབ་བྱེད་ཀྱི་ཐབས་ཡིན་པས་འབྲས་བུ་ཤེར་ཕྱིན་ཐོབ་པར་འདོད་པ་རྣམས་ཀྱི་ལམ་ཤེར་ཕྱིན་རང་རྒྱུད་ལ་འབད་པས་སྐྱེས་དགོས་སོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར།
Domain ཆོས་ལུགས།