53998

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚན་མཚོན་གཞི་གསུམ་ (1)
Part of speech མིང་ཚིག
Definition མཚན་ཉིད་གོ་བྱེད་དོན་གྱི་ཆོས། །མཚོན་བྱ་གོ་བྱ་བློ་ཡི་ཆོས། །མཚན་གཞི་གོ་བྱ་རྟེན་གྱི་ཆོས། །དེ་དག་རྣམ་པར་བཞག་འཇོག་ཡིན། །ཞེས་བྱ་བ། མཚན་ཉིད་ནི་འདིས་གོ་བར་བྱེད་པ་རྣམ་འཇོག་གི་རྒྱུ་སྟེ་ནོག་ལྐོག་ཤལ་ལྟ་བུ་དོན་གྱི་ཆོས་སོ། །མཚོན་བྱ་ནི། འདི་གོ་བར་བྱ་བ་རྣམ་གཞག་གི་འབྲས་བུ་སྟེ་བ་ལང་གི་ཐ་སྙད་ལྟ་བུ་བློའི་ཆོས་སོ། །མཚན་གཞི་ནི། འདི་ལ་གོ་བར་བྱ་བའི་རྟེན་ཏེ་དཀར་ཟལ་ལྟ་བུའོ། །གསུམ་པོ་འདིའང་དོན་རང་མཚན་གྱི་ཆ་ནས་མི་འགྱུར་གྱི་གཞན་སེལ་ཉིད་ཡིན་ནོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། མཚན་མཚོན་དེ་དག་ཀྱང་རྣམ་པར་གཞག་འཇོག་གི་རྒྱུ་འབྲས་ཡིན་ཏེ། མཚན་ཉིད་ནི་རྒྱུ་མཚན་ནམ་དོན་ཡིན། མཚོན་བྱ་ནི་དེ་ལ་བརྟེན་ནས་བཏགས་པའི་རྒྱུ་མཚན་ཅན་ནམ་མིང་གིས་ཁྱད་པར་དུ་བྱས་པའི་ཕྱིར། དེ་ལྟར་བཤད་པའི་མཚན་མཚོན་གཞི་གསུམ་ནི། སོང་ཚོད་ཀྱི་དབང་དུ་བྱས་པ་ཡིན་པས་གསུམ་གའང་གཞན་སེལ་ཉིད་ཡིན་ཏེ། འདིའི་འགྲེལ་པར། གསུམ་པོ་འདི་ཡང་དོན་རང་མཚན་གྱི་ཆ་ནས་མི་འགྱུར་གྱི་གཞན་སེལ་ཉིད་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཞེས་མཁན་ཆེན་ངག་ཆོས་ཀྱི་ལེགས་བཤད་དཔལ་སྟེར་ལས་སོ། །
Domain ཚད་མ།