54002
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མཚན་མཚོན་ཕན་ཚུན་ངེས་པའི་རྣམ་གཞག་ནི། མཚན་མཚོན་གཉིས་གྲངས་མཉམ་སྟེ། མཚན་ཉིད་གཅིག་ལ་མཚོན་བྱ་དུ་མ་དང་། མཚོན་བྱ་གཅིག་ལ་མཚན་ཉིད་དུ་མ་མི་སྲིད་པའི་ཕྱིར། རྟོག་པས་གཅིག་ཏུ་བཟུང་བ་ཡིན་ཏེ། ལྟོ་ལྡིར་བ་འདི་ནི་བུམ་པའོ་ཞེས་བཟུང་བའི་ཕྱིར། མཚན་ཉིད་རྫས་ཡོད་དང་། མཚོན་བྱ་བཏགས་ཡོད་དུ་ངེས་ཏེ། མཚན་ཉིད་དོན་གྱི་ལྡོག་པ་དང་། མཚོན་བྱ་མིང་གི་ཁྱད་པར་དུ་བྱས་པའི་ཕྱིར། འདིའི་རྫས་ཡོད་རྫས་སུ་གྲུབ་པའི་ཆོས་ནི་མ་ཡིན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། ། |
| Domain | ཚད་མ། |