54003
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རང་བཞིན་གྱི་འབྲེལ་བ་ངེས་བྱེད་ཀྱི་ཚད་མ་ནི། མཚན་ཉིད་དོན་སྤྱི་དང་། མཚོན་བྱ་སྒྲ་སྤྱི་གཉིས་གཅིག་ཏུ་འཁྲུལ་ནས་གཅིག་ཏུ་འཛིན་པའི་རྟོག་པ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་རང་བཞིན་གྱི་འབྲེལ་བ་དེ་འགྲུབ་པ་ཡིན་ཏེ། རང་རིག་མངོན་སུམ་རང་ཉིད་ཀྱིས་འབྲེལ་བ་ངེས་པར་མི་བྱེད་ཀྱང་། རང་རིག་མངོན་སུམ་གྱི་རྗེས་སུ་སྐྱེས་པའི་ངེས་ཤེས་ཀྱིས་འབྲེལ་བ་ངེས་པར་བྱེད་པའི་ཕྱིར། མཚན་གཞི་དང་མཚོན་བྱའི་འབྲེལ་བ་རྒོལ་བ་མཁས་པས་མཚན་ཉིད་ནམ་མཐོང་བ་ན་མཚོན་བྱའི་བརྡ་དྲན་པས་འགྲུབ། རྒོལ་བ་རྨོངས་པ་ལ་སྔོན་དཔེ་ལ་འབྲེལ་བ་དྲན་པའི་ཐ་སྙད་སྒྲུབ་ཀྱི་རྟགས་སྦྱོར་གྱིས་ངེས་དགོས་ཏེ། མཚན་གཞི་དཀར་ཟལ་གྱི་སྟེང་དུ་མཚན་ཉིད་ནོག་ལྐོག་ཤལ་ངེས་ཀྱང་དེ་ལ་བ་གླང་གི་བརྡ་སྦྱོར་མི་ཤེས་པས། དེའི་ཐ་སྙད་ལ་རྨོངས་པའི་རྒོལ་བ་ལ་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་གཞན་དོན་རྗེས་དཔག་དགོས་པའི་ཕྱིར། ཞེས་མཁན་ཆེན་ངག་ཆོས་ཀྱི་ལེགས་བཤད་དཔལ་སྟེར་ལས་སོ། ། |
| Domain | ཚད་མ། |