54004
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཐ་སྙད་སྒྲུབ་ཀྱི་འབྲེལ་བ་ནི། མཚན་ཉིད་ནོག་སོགས་འདུས་པའི་གོང་བུ་དང་། མཚོན་བྱ་བ་ལང་གི་འབྲེལ་བ་ཡང་། ནོག་ལྐོག་ཤལ་དང་ལྡན་པ་འདི་ཉིད་བ་ལང་ངོ་ཞེས་མིང་དོན་གཅིག་ཏུ་འཁྲུལ་བའི་རྟོག་པས་མིང་དོན་གཅིག་ཏུ་བརྡ་ཆད་བྱས་པས་འགྲུབ་ཀྱི། གཞན་དོན་ལ་གཅིག་ཏུ་མེད་དེ། མཚོན་བྱ་བ་ལང་སྒྲོ་བཏགས་དོན་ལ་མི་གནས་པའི་ཕྱིར། སྤྱི་དང་བྱེ་བྲག་འབྲེལ་བ་ཡང་ལྡོག་པ་གཅིག་རྐྱང་གི་ཤིང་དང་། ལྡོག་པ་གཉིས་ཚོགས་ཀྱི་ཤ་པ་གཅིག་ཏུ་འཁྲུལ་བའི་རྟོག་པས་གཅིག་ཏུ་བརྡ་ཆད་བྱས་པས་འགྲུབ་ཀྱི། གཞན་དོན་ལ་སྤྱི་བྱེ་བྲག་རྫས་གཅིག་མ་ཡིན་ཏེ། སྔར་རིགས་པ་ཡང་དག་གིས་བཀག་ཟིན་པའི་ཕྱིར་རོ། །ཞེས་དང་། དོན་སྒྲུབ་ཀྱི་འབྲེལ་བ་ནི། བྱས་མི་རྟག་བདག་གཅིག་ཡིན་པར་གང་གིས་འགྲུབ་ཅེ་ན། འདི་ལ་རྟགས་འགོད་པ་ནི། གང་ཡོད་པ་ཁྱད་པར་ཅན་དེ་འཇིག་པ་ཡིན་ཏེ། |
| Example | བུམ་པ་བཞིན། སྒྲ་ཡང་ཡོད་པ་ཁྱད་པར་ཅན་ཡིན་ནོ། །ཞེས་པ་རང་བཞིན་གྱི་རྟགས་ཡིན་ནོ། །རིག་བྱེད་ཀྱི་སྒྲ་ལ་སོགས་པ་ཕྱིར་རྒོལ་གྱིས་རྟག་པར་ཁས་བླངས་པའི་སྒྲ་དོན་ལ་རང་མཚན་དུ་འཁྲུལ་བའོ། །འཆད་པའི་དུས་ནི། ཆོས་ཅན་དང་། བསྒྲུབ་བྱའི་ཆོས་དང་། རྟགས་སུ་གཟུང་བྱ་ནི་སྒྲ་རང་མཚན་དང་། སྒྲའི་མི་རྟག་པ་དང་། དངོས་པོ་རང་མཚན་ཡིན་ལ། སོང་ཚོད་ནི། སྒྲ་དང། མི་རྟག་པ་དང་། དངོས་པོ་ཙམ་སོང་བ་ཡིན་ནོ། །ཞེས་འཆད་ན་རྣམ་དབྱེ་མཁས་པར་འགྱུར་རོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རིགས་གཏེར་རྣམ་བཤད་ལས་སོ། ། |
| Domain | ཚད་མ། |