54011

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚན་མའི་རྟོག་པ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། རྣམ་པར་རྟོག་པའི་རི་བོ་བཅུའི་ནང་གསེས་ཤིག་སྟེ། ཡོན་ཏན་མཚོན་པར་འབྱུང་བའི་ཕྱིར་མཚན་མའི་རྟོག་པ་ཞེས་བྱ། འདིའི་དོན་མདོ་དགོངས་པ་འདུས་པ་ལས། ལང་ཀའི་བདག་པོ་མཚན་མའི་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། མི་འདའ་བ་དང༌། རོལ་པ་དང༌། ཆེ་བའོ། །ཞེས་པ་ལྟར་གཟི་ལྡན་འཆར་ཁའི་འོད་སྣང་ལས། ལང་ཀའི་བདག་པོ། མཚན་མའི་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། རྩ་བ་གསུམ་ནི། ན་བཟའ་རྒྱན་གྱི་ལུང་རྒྱན་རྣམས་དོན་གྱི་ངོ་བོ་ལས་མི་འདའ་བ་དང༌། ཡན་ལག་རྟགས་ཀྱི་ལུང་འགྲོ་བའི་དོན་དུ་རོལ་པ་མཛད་པ་དང༌། ཆེ་མཆོག་ཡོན་ཏན་གྱི་ལུང་མཆོག་ཏུ་འཕགས་པའི་ཆེ་བ་དང་ལྡན་པའོ། །ཞེས་པ་བཞིན་མི་འདའ་བ་རྒྱན་གྱི་ལུང༌། ཡན་ལག་རྟགས་ཀྱི་ལུང༌། ཆེ་བ་ཡོན་ཏན་གྱི་ལུང་གསུམ་དང་ལྡན་པ་ཡིན།
Domain ཆོས་ལུགས།