54014

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚན་མའི་ལྷ་དྲུག་སྒོམ་པ་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་འབྲུ་འགྲེལ་རྒྱུད་སྡེ་བཞིའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ལས་བྱུང་བ་སྟེ། བདག་གི་དེ་ཁོ་ན་ཉིད་སྒོམ་པ་སྟོང་པའི་ལྷ། དེ་ཉིད་ཀུན་རྫོབ་ཟླ་དཀྱིལ་གྱི་རྣམ་པར་སྒོམ་པ་ལ་ཡེ་ཤེས་བཀོད་པ་ཡི་གེའི་ལྷ། དེའི་སྟེང་དུ་བཟླ་བྱའི་སྔགས་གཟུགས་རང་སྒྲ་སྒྲོག་པ་སྒྲའི་ལྷ། སྔགས་དེ་ཉིད་བཟླ་དཀྱིལ་འདྲེས་འོད་ཟེར་སྤྲོ་བསྡུ་མཛད་པ་ཡོངས་སུ་གྱུར་པ་ལས་རིགས་གསུམ་གྱི་ལྷ་དེ་དང་དེའི་གཟུགས་སུ་སྒོམ་པ་གཟུགས་ཀྱི་ལྷ། དེ་ལ་རིགས་ཀྱི་དམ་རྒྱས་འདེབས་པ་ཕྱག་རྒྱའི་ལྷ། ལྷའི་འདུ་ཤེས་དང་མི་འབྲལ་བ་མཚན་མའི་ལྷ་དྲུག་སྒོམ་པ་དང་། ལྷ་དང་བདག་གཉིས་རྗེ་ཁོམ་གྱི་རྣམ་པས་བསྒྲུབ་པར་བྱ་བའོ། །
Domain ཆོས་ལུགས།