5402

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁེ་རྒད་མདོ་སྣང་ (1)
Part of speech མིང་ཚིག
Definition དུས་རབས་བདུན་པའི་སྨད་དུ་འཁྲུངས། རྒྱལ་པོ་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོ་དང་། རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་གཉིས་ཀྱི་བློན་པོ་གནང་། རྒྱལ་པོ་སྐུ་ན་གཞོན་པའི་སྐབས་དང་བསྟུན་ཏེ། ཤིང་སྦྲུལ་ཕྱི་ལོ་ ༧༠༥ ལོར་སྲིད་འགྱུར་དུས་ཟིང་བསླངས་འགོ་བརྩམས་ཚེ། ཕྱི་མོ་འབྲོ་བཟའ་ཁྲི་མ་ལོད་དང་། བློན་པོ་ཁུ་མང་པོ་རྗེ་ལྷ་ཟུང་བཅས་མཉམ་འབྲེལ་གྱིས་བོན་ཨོ་ན་ལ་ཙེར་ཞེས་པའི་ས་ཁུལ་དུ། དྲག་པོ་གཡུལ་གྱིས་ཚར་བཅད། སྲིད་འགྱུར་གྱི་དུས་ཟིང་ལྷིང་འཇགས་སུ་བཏང།