54020

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚན་མི་མཐུན་པ་ཡན་ལག་ཏུ་དགོས་པའི་ལྟུང་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལྟུང་བ་དངོས་གཞི་རྫོགས་པ་ལ་ངེས་པར་མཚན་མི་མཐུན་པ་ཡན་ལག་ཏུ་དགོས་པའི་ལྟུང་བ་ཞིག དེའི་གྲངས་འདྲེན་དོགས་གཅོད་དང་བཅས་པ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་ཡོད་དེ། འཁྲུར་འཇུག་པ་དང་ལེན་པ་དང་། །ཁྱིམ་པ་མོ་ལ་ཆོས་སྟོན་དང་། །དེ་དང་ལམ་འགྲོ་བུད་མེད་ཉལ། །དེ་ལྟར་དེ་ནི་ལྔ་ཡིན་ནོ། །ཞེས་པ་རྣམས་ཡིན་པའི་ཕྱིར་དང་། འབྲལ་དང་སྤངས་པ་ཟ་བ་དང་། །གསོག་འཇོག་བྱེད་དང་ཟ་བ་བཞི། །ཞེས་པ་ལྟར་བསྣན་ཏེ་འགྲིལ་ན་ཐུན་མོང་བ་ཞེ་དགུ་ཡོད་པའི་ཕྱིར། དེ་རྣམས་ལ་རྗེས་མཐུན་མིང་ཙམ་གྱི་ཐུན་མོང་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དགེ་སློང་ཕ་མ་གཉིས་ཀའི་རྟེན་ལ་ཐུན་མོང་དུ་བཅས་ཤིང་བསྐྱེད་པར་བྱེད་པའི་ཡུལ་གྱི་ཡན་ལག་ཐུན་མོང་བ་མ་ཡིན་པས་དེ་སྐད་བཤད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།