From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མཚན་མེད་མ་ནིང་ (1)
| Part of speech
|
མིང་ཚིག
|
| Definition
|
ཁོག་སྨད་དུ་གཅིན་པ་གཏོང་ས་དང་སྐྱག་པ་གཏོང་ས་གཉིས་ཆ་ལ་ཨི་ཁུང་གཅིག་ལས་མེད་པའི་མི།
|
མཚན་མེད་མ་ནིང་ (2)
| Part of speech
|
མིང་ཚིག
|
| Definition
|
ཕོ་དང་མོ་གཉིས་ཆའི་མཚན་མའམ་དབང་པོ་གང་ཡང་མེད་པའི་མ་ནིང་།
|
མཚན་མེད་མ་ནིང་ (3)
| Part of speech
|
མིང་ཚིག
|
| Definition
|
རྟགས་འཇུག་གི་སྐབས་སུ། རྗེས་འཇུག་གི་ཡི་གེ་ན་དང་། ར་དང་། ལ་བཅས་གསུམ་པོ་འདི་མིང་གཞིའི་ཡི་གེ་མ་ནིང་ཁ་དང་། ཆ་དང་། ཐ་དང་། ཕ་དང་། ཚ་བཅས་ཀྱི་རྗེས་སུ་ཞུགས་པའི་ཚེ། ཡང་འཇུག་ཡོད་མེད་ཇི་ལྟར་རུང། སྒྲ་བར་མ་ཙམ་ལས་དྲག་པ་དང་ཞན་པ་གང་དུའང་མི་འགྱུར་བས་ན། མཚན་མེད་མ་ནིང་ཟེར་བ་ཡིན་ཏེ། སི་ཏུས། མ་ནིང་གི་ཡི་གེ་ན་ར་ལ་གསུམ་ནི་མིང་གཞིའི་མ་ནིང་གི་མཐར་ཞུགས་པའི་ཚེ་ཡང་འཇུག་ཡོད་མེད་ཇི་ལྟར་རུང་སྒྲ་བར་མ་ཙམ་ལས་དྲག་ཞན་གང་དུའང་མི་འགྱུར་བའི་ཕྱིར་མཚན་མེད་མ་ནིང་ངོ་། །ཞེས་གསུངས་སོ། །
|
| Example
|
མཁན། མཆན། ཐོན། ཕན། མཚན། མཁྱེནད། འཁོར། འཆར། འཐོར། ཐརད། ཕར། འཚར། འཁེལ། འཆལ། ཐལ། ཕལ། འཚལ། ཞེས་པ་ལྟ་བུ།
|