54033
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མངོན་པ་མཛོད་ནས་བཤད་པའི་ཉི་མའི་འགྲོས་ཀྱི་བྱེ་བྲག་ལས་འཛམ་གླིང་འདི་ན་ཉིན་མོ་དང་མཚན་མོ་རྣམས་རིང་ཐུང་འགྱུར་བ་ལས། ཉིན་མོ་རིང་དུ་འགྲོ་ཚེ་མཚན་མོ་ཐུང་དུ་འགྲོ་བའི་དུས་ཚེས་ཏེ། དེ་ཡང་བསྟན་བཅོས་པའི་དགུན་རྣམས་ཀྱི་ནི་ཟླ་བ་བཞི་པ་འཇིག་རྟེན་གྲགས་པའི་དགུན་ཟླ་ཐ་ཆུང་ཡར་ངོའི་ཚེས་བརྒྱད་ལ་དཔྱིད་ཉིན་མཚན་མཉམ། དེའི་ཚེས་དགུ་ནས་མཚན་མོ་ཐུང་དུ་འགྱུར་བའོ། །དེ་ཡང་། ཉི་མ་འཛམ་བུའི་གླིང་གི་ལྷོ་ཕྱོགས་ཀྱི་ངོས་སུ་འགྲོ་བ་མཚན་མོ་རིང་ངོ་། །བྱང་ཕྱོགས་སུ་འགྲོ་བ་ན་ཉིན་མོ་རིང་ངོ་། །ཉིན་མཚན་ཅི་ཙམ་རེས་རིང་དུ་འགྲོ་བ་ནི་ཐང་ཅིག་གོ ། |
| Domain | ཆོས་ལུགས། |