54037
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གླེང་གཞི་ནི་དགེ་སློང་མ་རྣམས་ལྗོངས་རྒྱུ་བ་ན་ཁྱིམ་བདག་གཅིག་ལ་གནས་བརྙས་ཏེ་ནུབ་མོ་དེ་ན་འཁོད་པ་ལས། མཚན་མོ་ཆར་བབ་ནས། དེ་དག་ཕུགས་ལོགས་སུ་ཕུར་ཏེ་ཞུགས་པ་དང་། དེ་ན་སྐྱེས་པ་སྔར་ཞུགས་པ་ཞིག་ཡོད་པ་དེས་དགེ་སློང་མ་གཟུང་བ་ན། དེ་དག་གིས་ཁུས་བཏབ་བོ། །དེ་ནས་དགེ་སློང་མ་གཞན་རྣམས་ཀྱིས་དེ་ལ་ཞུ་བ་གསོལ་བ་བྱས་ཏེ་བཟུང་བ་དེ་བཏང་བ་ལས་སོ། །དགག་བྱ་ནི་གཞན་གྱིས་བསླབ་པ་དང་འབྲལ་བའི་རྒྱུར་འགྱུར་བའོ། །དགེ་སློང་མས་མཚན་མོ་གནས་འདིར་སྔར་ནས་སྐྱེས་པ་མ་ཞུགས་སམ་ཞེས་མ་བརྟགས་པར་སྐྱབས་མུན་ཁུང་དང་ནག་ཐིབས་ལ་སོགས་པ་ཡོད་པར་མཚན་མོ་འདའ་བ་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། མཚན་མོ་མ་བརྟགས་པར་མུན་ཁུང་དང་འཐིབ་པོ་ལ་སོགས་པ་གང་དུ་ཞུགས་ན་སྐྱེས་པ་ཡོད་པ་ཤེས་པར་མི་འགྱུར་བའི་སྐྱབས་ཡོད་སར་མཚན་མོ་ཉལ་ཞིང་འདའ་བར་བྱེད་པ་ནི། མཚན་མོ་མ་བརྟགས་པར་ཉལ་བའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |