54069
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དམ་པ་འདི་ཉིད་རབ་བྱུང་བཅུ་བཞི་བའི་ཤིང་སྟག་ཕྱི་ལོ་ ༡༨༥༤ ལོར། བྱང་ཕྱོགས་སྦོ་རད་ཁ་ར་སྤིར་དུ་ཡབ་རྡོ་རྗེ་དང་ཡུམ་ཡེ་ཤེས་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་དགུའི་སྟེང་བོད་ལྗོངས་སུ་ཕེབས། དེ་སྐབས་ཕྱི་གླིང་བ་བོད་ལྗོངས་སུ་ཡོང་མི་ཆོག་པའི་དུས་ཡིན་སྟབས་ཕྱིར་རང་ཡུལ་དུ་ཕེབས། དགུང་ལོ་ཉེར་དྲུག་སྟེང་སླར་བོད་དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་དུ་སློབ་གཉེར་གནང་སྟེ་ལྷ་རམས་པའི་མཚན་བཏགས་བཞེས། ལོ་བཅུ་གཉིས་རིང་གོང་ས་བཅུ་གསུམ་པ་ཆེན་པོར་མཚན་ཞབས་ཞུས། དགུང་ལོ་ཞེ་ལྔའི་ཐོག་རྒྱ་གར་བརྒྱུད་པེ་ཅིང་དང་ཁུ་རལ་དུ་ཕེབས་ཏེ་ལས་དོན་མཐའ་དག་སྒྲུབ་རྗེས་བོད་དུ་ཕེབས། གོང་ས་བཅུ་གསུམ་པ་ཆེན་པོར་ཞབས་འདེགས་སྒྲུབ་ཆེད་བོད་ལ་སྔ་ཕྱི་ཐེངས་དྲུག་ཙམ་ལ་བྱོན། རང་ཡུལ་དུ་རབ་བྱུང་དང་བསྙེན་རྫོགས་བགྲང་གིས་མི་ལང་བ་བསྒྲུབས། ཨུ་རུ་སིའི་རྒྱལ་ས་ལེ་ཉིན་གར་དུ་ནང་བསྟན་ལྷ་ཁང་བཞེངས། ཨུ་རུ་སིར་དམར་ལུགས་དར་སྐབས་འདི་བ་བཙོན་དུ་ཚུད་ནས་སྐུ་ངལ་ཚད་མེད་མྱང་། ཕྱི་ལོ་ ༡༩༣༨ ལོར་དགོངས་པ་རྫོགས། གསུང་རྩོམ་བློ་སྦྱོང་མདོར་བསྡུས། ཛ་ཡ་བསྟན་དར་བའི་རྣམ་ཐཪ། རང་ཉིད་ཀྱི་བྱུང་བ་སོགས་མང། |