54078

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚན་ཡང་དག་པར་བརྗོད་པ་མན་ངག་གི་སྙིང་པོ་གླུར་བླངས་པའི་ལེའུ་ (1)
Part of speech མིང་ཚིག
Definition འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱུད་དེ། མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མེ་ལས། རྩ་བའི་རྒྱུད་ལེའུ་ཁྲི་དྲུག་སྟོང་པ་བཤད་པའི་རྗེས་སུ་མཚན་ཡང་དག་པར་བརྗོད་པའི་མན་ངག་གི་སྙིང་པོ་གླུར་བླངས་པའི་ལེའུ་འདི་ཞུས་ཞེས་པའོ། །ཞེས་དང་། འདི་ལ། ཉི་ཟླ་འབར་བའི་སྒྲོན་མ་ལས། འཇམ་དཔལ་གླུར་བླངས་ཀྱི་ལེའུ། ཞེས་ཀྱང་གསུངས།