54093
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཞུང་འདི་ནི་རོང་ཟོམ་མ་ཧཱ་པཎྜི་ཏ་ཆོས་ཀྱི་བཟང་པོས་མཛད་པ་ལགས་ཤིང་། ནང་གསེས་སུ་འཕགས་པ་འཇམ་དཔལ་གྱི་བདག་ཉིད་བསྟན་པ་དང་། ཟག་པ་མེད་པའི་ཆོས་ཐམས་ཅད་ཀྱི་མིང་ཐམས་ཅད་དེའི་མཚན་དུ་འགྱུར་བ་ཐུན་མོང་དུ་བསྟན་ཅིང་ཟག་པ་དང་བཅས་པའི་ཆོས་ལ་དེའི་བདག་ཉིད་དུ་སྟོན་པ་དང། འཕགས་པ་འཇམ་དཔལ་གྱི་མཚན་ཡོན་ཏན་གྱི་དོན་དུ་བལྟས་ཏེ་བརྗོད་པའི་ཚུལ་དང། མཚན་གསང་སྔགས་ཀྱི་དོན་དུ་བལྟས་ཏེ་བརྗོད་པའི་ཚུལ་དང། མཚན་གཉིས་སུ་མེད་པའི་དོན་དུ་བལྟས་ཏེ་བརྗོད་པའི་ཚུལ་བཅས་ལེ་ཚན་རྣམ་པ་ལྔའི་ཁོངས་སུ་བསྡུས་ཏེ་གསུངས་པའི་རྒྱུད་འགྲེལ་ཞིག་ཡིན། སྔ་འགྱུར་བཀའ་མའི་རྒྱབ་ཆོས་སུ་བཞུགས། |