54094
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱ་གར་གྱི་སློབ་དཔོན་བི་མ་ལ་མི་ཏྲའམ་པཎ་ཆེན་དྲི་མེད་བཤེས་གཉེན་གྱིས་མཛད་ཅིང་། ཐུགས་སྲས་ཉང་ཏིང་འཛིན་བཟང་པོས་ཞུས་ཏེ་སྔ་འགྱུར་གྱི་ལོ་ཙཱ་བ་གཉགས་ཡེ་ཤེས་གཞོན་ནུའམ་གཉགས་ཛྙཱ་ན་ཀུ་མཱ་ར་ཡིས་བོད་སྐད་དུ་བསྒྱུར་པའི་འཇམ་དཔལ་མཚན་བརྗོད་ཀྱི་རྒྱུད་འགྲེལ་ཞིག་སྟེ། གཞུང་འདིའི་མཚན་ལ། རྒྱ་གར་གྱི་སྐད་དུ། མཉྫུ་ཤྲཱི་མཱ་ཡཱ་ཛཱ་ལན་བྲྀཏྟི་ནཱ་མ་ཨརྠ་པྲ་ས་ཀ་ཀཱ་ར་ཎ་དཱི་པ། བོད་སྐད་དུ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་འགྲེལ་པ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མེ་ཞེས་པའམ། ཡང་ན། རྒྱ་གར་སྐད་དུ། ནཱ་མ་སཾ་གཱི་ཏི་བྲྀ་ཏྟི་ནཱ་མ་ཨརྠ་པྲ་ས་ཀ་ཀཱ་ར་ཎ་དཱི་པ་སྟེ། བོད་སྐད་དུ། མཚན་ཡང་དག་པར་བརྗོད་པའི་འགྲེལ་བ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མེ་ཞེས་ཀྱང་བྱ། གཞུང་འདི་སྔ་འགྱུར་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞུགས། |
| Domain | ཆོས་ལུགས། |