54107
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྐབས་སུ་བབས་པའི་བརྩི་བྱ་དག་ཕོ་མོ་གང་ཡིན་དང་། དེའི་ལོ་ཁམས་སྤར་སྨེ་སོགས་འཁྲུལ་མེད་དུ་ངོས་འཛིན་ནུས་ཆེད་བཞག་པའི་རྡེའུ་ལ་ཟེར་བ་ཡིན། མཚན་རྡེལ་དཀར་ནག་གི་ཁ་དོག་གིས་བརྩི་བྱ་དེའི་བདེ་སྡུག་ལེགས་ཉེས་སྟོན་པ་མ་པར། མཚོན་བྱེད་དེའི་མཚོན་ཡུལ་ཅི་ཡིན་གསལ་བོར་སྟོན་པ་ཡིན་པས། བརྩི་བྱ་སྐྱེས་པ་ཡིན་ན་མཚན་རྡེལ་དཀར་པོ་དང་། བུད་མེད་ཡིན་ན་མཚན་རྡེལ་ནག་པོ་འཇོག་པའི་ཚབ་ཏུ་སྐྱེས་པ་བུད་མེད་ཅེས་མཚོན་ཡུལ་ཡི་གེར་བྲིས་ཀྱང་ཆོག་པ་བཞིན། གང་དུ་ཡང་ངོས་འཛིན་མཚན་མའི་རྡེལ་རྣམས་མ་བཞག་པར་དེའི་མཚོན་ཡུལ་ཡི་གེར་བྲིས་ན་འཐུས་པ་ཡིན། |
| Domain | རྩིས་རིག |