54115

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚན་ལྡན་གྲོགས་ལ་བསྙེན་པ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་ལས་རིམ་ལ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་གི་ནང་ཚན་བསྙེན་པའི་གཞི་མ་སྒོ་དགུའི་ནང་གསེས་ཏེ། བསྙེན་སྒྲུབ་སོགས་ཀྱི་སྐབས་སུ་མཚན་ལྟས་བཟང་བའི་སློབ་མ་དང་གྲོགས་བཙལ་ཅིང་བསྟེན་པའི་དོན་ནོ། །དེ་ཡང་ཉེ་བར་བསྟེན་བྱའི་གྲོགས་སློབ་གཉིས་ལ་དབྱེ་ན། སློབ་མ་ལ་དགུ་དང་། གྲོགས་ལ་གཉིས་སོ། །དང་པོ་སློབ་མ་ལ་བླང་བྱ་དང་སྤང་བྱའི་སློབ་མ་གཉིས་སུ་ཡོད་པའི་བླང་བྱའི་སློབ་མ་དྲུག་ནི། བསྟན་པའི་རྒྱལ་ཐེབས་སློབ་མ། སྦྱངས་པའི་འཕྲོ་ཅན་སློབ་མ། དམ་ལས་མི་ལྡོག་སློབ་མ། ཐབས་ལ་མཁས་པའི་སློབ་མ། དགེ་བའི་སྡོང་འདེབས་སློབ་མ། ཐུགས་ཉེ་འབངས་ཀྱི་སློབ་མ་རྣམས་སོ། །སྤང་བྱའི་སློབ་མ་གསུམ་ནི། མན་ངག་ཤོད་འདེབས་ཀྱི་སློབ་མ། ཟོལ་སོགས་འཕྱར་གཡེང་གི་སློབ་མ། བསྟན་པའི་ཞབས་འདྲེན་སློབ་མ་བཅས་སོ། །གྲོགས་ལ་ཡང་མཐུན་པའི་གྲོགས་དང་མི་མཐུན་པའི་གྲོགས་གཉིས་སོ། །དང་པོ་མཐུན་པའི་གྲོགས་ལ་ཡང་ཧྲི་ཙའི་གྲོགས་དང་། ཙ་མེད་ཀྱི་གྲོགས་གཉིས། དང་པོ་ཧྲི་ཙའི་གྲོགས་དང། ཐབས་ཀྱི་གྲོགས། བུའི་གྲོགས་རྣམས་དོན་གཅིག དེ་ལའང་རྣམ་གྲངས་བརྒྱད་དུ་ཡོད་དེ། ལྷའི་གྲོགས། ཀླུ་ཡི་གྲོགས། རྒྱལ་པོའི་གྲོགས། བློན་པོའི་གྲོགས། བྲམ་ཟེའི་གྲོགས། ས་བདག་གི་གྲོགས། མཚན་ལྡན་གྲོགས། དམ་པའི་གྲོགས་བཅས་སོ། །གཉིས་པ་ཙ་མེད་ཀྱི་གྲོགས་དང་། ཤེས་རབ་ཀྱི་གྲོགས། མོ་ཡི་གྲོགས་རྣམས་གནད་གཅིག དེ་ལ་ཡང་རྣམ་གྲངས་བརྒྱད་དེ། ལྷ་མོའི་གྲོགས། ཀླུ་མོའི་གྲོགས། གནོད་སྦྱིན་མའི་གྲོགས། རྒྱལ་མོའི་གྲོགས། ཕྱ་སྨན་གྱི་གྲོགས། གཉན་མོའི་གྲོགས། ཚངས་པའི་གྲོགས། བློན་མོའི་གྲོགས་བཅས་སོ། །གཉིས་པ་མི་མཐུན་པའི་གྲོགས་ལ་ཡང་གོང་ལྟར་ཧྲི་ཙ་དང་ཙ་མེད་ཀྱི་གྲོགས་གཉིས་ཏེ། དང་པོ་ལ་དྲུག་སྟེ། སྤངས་པའི་གྲོགས། ཕུང་སྲིའི་གྲོགས། དམ་སྲིའི་གྲོགས། བགེགས་ཀྱི་གྲོགས། བྱུར་གྱི་གྲོགས། སྡིག་པའི་གྲོགས་དང་དྲུག གཉིས་པ་ལ་ཡང་དྲུག་སྟེ། དམན་མོའི་གྲོགས། འགལ་བའི་གྲོགས། བསྲེག་མོའི་གྲོགས། བདུད་མོའི་གྲོགས། སྲིན་མོའི་གྲོགས། དམ་སྲིའི་གྲོགས་བཅས་སོ། །དེ་དག་གི་དོན་ཡང་མ་ཚིག་རང་རང་གི་སྐབས་སུ་གཟིགས།
Domain ཆོས་ལུགས།