54124

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚན་སྒྲོགས་དགེ་འདུན་དོན་གྲུབ་ (1)
Part of speech མིང་ཚིག
Definition འཁྲུངས་ལོ་མི་གསལ། རབ་བྱུང་བཅུ་གཉིས་པའི་ཤིང་སྟག་ཕྱི་ལོ་ ༡༧༣༤ ལོར་སྐུ་འབུམ་གྱི་གདན་ཁྲིར་བཞུགས། གདན་ས་ལོ་བདུན་རིང་བསྐྱངས། དུས་གསུམ་སངས་རྒྱས་ཀྱི་ལྷ་ཁང་གསར་བཞེངས་གནང་། འཇམ་དབྱངས་ཀུན་གཟིགས་ཀྱི་སྐུ་བརྙན་ལ་རབ་གནས་མཛད། རབ་བྱུང་བཅུ་གཉིས་པའི་ལྕགས་སྤྲེལ་ཕྱི་ལོ་ ༡༧༤༠ ལོར་གསེར་སྡོང་ཆེན་མོའི་གསེར་ཟངས་ཀྱི་རྒྱ་ཕིབས། གཉྫི་རའི་ཏོག་ཏི་ནང་དུ་ཤཱཀྱའི་རྒྱལ་པོའི་འཕེལ་གདུང་སོགས་བྱིན་རྟེན། ནོར་བུ་འབར་བ་ཆ་གཅིག་གི་ནང་དུ་རྒྱ་བོད་ཀྱི་གཏེར་རྫས་སྣ་ཚོགས་ཀྱིས་སྤྲས་པ། གྲྭ་ཟུར་གྱི་མགོ་རྒྱན་བཅས་རབ་བྱུང་བཅུ་གཉིས་པའི་ལྕགས་བྱ་ཕྱི་ལོ་ ༡༧༤༡ ལོར་ལེགས་པར་གྲུབ། །རྒྱུད་པ་མཁན་པོ། དཀར་པོ་ཆོས་རྗེ་སོགས་དགེ་འདུན་ལྔ་བཅུས་རབ་གནས་མཛད། འདས་ལོ་མི་གསལ། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་ཉེར་བཞི་པ་ཡིན་ནོ། །