54126
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གསུམ་པའི་ལྕགས་ཕག་ཕྱི་ལོ་ ༡༧༩༡ ལོར་རོང་ཕྱོགས་རྒན་གྱ་སྡེ་བར་ཡབ་བྲན་དུ་ཤོར་དང་། ཡུམ་ཆོས་འཕེལ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ཆུང་དུས་ནས་སྐུ་གོང་མའི་ཡང་སྲིད་དུ་ངོས་བཟུང་། ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་སྦྱངས། ངང་རོང་མཁན་པོ་ལས་དགེ་བསྙེན་དང་བར་མ་རབ་བྱུང་གི་སྡོམ་པ་བཞེས། བཅུ་དྲུག་པར་སྐུ་འབུམ་དགོན་གྱི་རང་སྒར་དུ་གདན་སར་ཕེབས། དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། པོད་ལྔའི་གཞུང་ལ་གསན་བསམ་མཛད། གསེར་ཁང་རྡོ་རྗེ་འཆང་བློ་བཟང་བསྟན་འཛིན་རྒྱ་མཚོ་ལས་ཚིགས་སྔ་མ་དང་ཕྱི་མའི་སྡོམ་པ་བཞེས། དཔལ་ལྡན་རྒྱུད་པ་གྲྭ་ཚང་དུ་གསང་ཆེན་སྐོར་ལ་ལེགས་པར་སྦྱངས། སུམ་ཅུ་པ་རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་ཕྱི་ལོ་ ༡༨༢༠ ལོར་རྒྱུད་པའི་མཁན་ཁྲིར་བྱོན། འགྲིག་ལམ་དང་། ཀུན་སྤྱོད། འཆད་ཉན་བཅས་དོ་དམ་གནང་། སོ་དྲུག་པ་རབ་བྱུང་བཅུ་བཞི་པའི་མེ་ཁྱི་ཕྱི་ལོ ༡༨༢༦ ལོར་སྒོ་མེ་མཆོད་རྟེན་སྐེས་དགོན་པའི་ཁྲིར་བཞུགས། འདུལ་ཁྲིམས་དང་བཤད་སྒྲུབ་གྱི་སྐོར་འཕེལ་བར་མཛད། ཞེ་གསུམ་པ་རབ་བྱུང་བཞི་པའི་ཆུ་སྦྲུལ་ཕྱི་ལོ་ ༡༨༣༣ ལོར་སྐུ་འབུམ་གདན་ཁྲིར་བཞུགས། ཁྲི་ཟུར་རྗེས་གདན་ས་འདི་དང་། ཁྲི་ཀའི་གོང་བ་གྲྭ་ཚང་སོགས་བསྟན་དོན་རྒྱ་ཆེར་མཛད། ང་ལྔ་པ་རབ་བྱུང་བཅུ་བཞི་པའི་ཤིང་སྦྲུལ་ཕྱི་ལོ་ ༡༨༤༥ ལོར་སྐུ་གཤེགས། སྐུ་འབུམ་རྒྱུད་པ་མཁན་པོའི་ཁྲི་རབས་བཞི་བཅུ་ཞེ་གཉིས་པ་དང་། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་ང་གཉིས་པ་ཡིན། |