54132

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚན་སྤྲུལ་གཉིས་པ་བསོད་ནམས་བསྟན་འཛིན་ (1)
Part of speech མིང་ཚིག
Definition མཚན་སྤྲུལ་གཉིས་པ་བསོད་ནམས་བསྟན་འཛིན་མཆོག་ནི། གདན་ས་རྣམ་གླིང་དུ་མངའ་གསོལ་རྗེས། རྗེ་མཐུ་ཆེན་འཇམ་དཔལ་རྡོ་རྗེ། ཡོངས་འཛིན་ཡེ་ཤེས་གྲུབ་པ། མདོ་ཁམས་པ་སྒྲུབ་བརྒྱུད་ཉི་མ་སོགས་ལས་གསན་བསམ་མཛད་དེ། སྐུ་ཚེར་སྒྲུབ་པའི་རྒྱལ་མཚན་བཙུགས། ལྷག་པའི་ལྷ་རབ་འབྱམས་ཀྱི་བསྙེན་པ་དུང་ཕྱུར་བཅུ་གསུམ་ལས་བརྒལ་བ་གསུངས། བསྐྱེད་རྫོགས་ལ་ཉམས་མྱོང་བརྟན་པ་དངོས་སུ་ཐོབ། རྗེ་ཁམས་སྤྲུལ་དྲུག་པ་བསྟན་པའི་ཉི་མ་སོགས་ཞལ་སློབ་ཀྱང་མང་པོ་བྱུང༌ངོ་།