54152

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚམས་བཅད་པ་གྲགས་པ་བསོད་ནམས་ (1)
Part of speech མིང་ཚིག
Definition རབ་བྱུང་བཞི་པའི་ལྕགས་བྱི་ཕྱི་ལོ ༡༢༤༠ ལོར་འདན་སྟོན་གྲོང་ཁྱེར་ཙོང་ངུར་ཡབ་རྡོ་རྗེ་སེང་གེའི་སྲས་སུ་འཁྲུངས། གདུང་རུས་ཀྱུ་ར་ཡིན། བཅུ་གསུམ་པར་གཅེན་པོ་ཐོག་ཁ་བ་རིན་ཆེན་སེང་གེ་ལས་རབ་ཏུ་བྱུང་། མཚན་ལ་གྲགས་པ་བསོད་ནམས་ཞེས་གསོལ། བཀའ་བརྒྱུད་གོང་མའི་གདམས་ངག་མ་ལུས་མནོས། བཅུ་བདུན་པར་སྐུ་མཚམས་བཞུགས། ཉི་ཤུ་པར་གཅེན་རིན་པོ་ཆེ་ལས་བསྙེན་པར་རྫོགས། འདུལ་གཞུང་སོགས་ལ་ཐུགས་བརྩོན་མཛད། སླར་སྐུ་མཚམས་ལོ་བཅུ་གསུམ་རིང་བཞུགས། གྲུབ་པའི་རྟོགས་པ་མངོན་དུ་གྱུར། ཞེ་བདུན་པར་འབྲི་གུང་བྱང་ཆུབ་གླིང་གི་གདན་ཁྲིར་ཕེབས། གདན་ས་ལོ་ངོ་གསུམ་རིང་བསྐྱངས། རྟེན་གསུམ་བཞེངས། ཞེ་དགུ་པ་རབ་བྱུང་ལྔ་པའི་ས་བྱི་ཕྱི་ལོ ༡༢༨༨ ལོར་འབྲི་གུང་དུ་གཤེགས། འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་མཁན་རབས་དྲུག་པ་ཡིན།