54164
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། ཕ་མ་གཞན་དུ་མཚན་གྱུར་པ་བསད་ཀྱང་མཚམས་མེད་དུ་འགྱུར་བ་དང་། དང་པོར་གང་གི་མཚན་ལས་བྱུང་བའི་བུད་མེད་དེ་མ་ཡིན་པས་དེ་བསད་ན་མཚམས་མེད་དུ་འགྱུར་བ་དང་། སངས་རྒྱས་ལ་དགྲོང་འདོད་མེད་པར་བརྡེག་པས་ཁྲག་ཕྱུང་ཡང་མཚམས་མེད་དུ་མི་འགྱུར་བ་དང་། བསྣུན་པའི་འོག་ཏུ་དགྲ་བཅོམ་ཐོབ་ལ་དེ་ནས་བཀྲོངས་ཀྱང་མཚམས་མེད་དུ་མི་འགྱུར་བ་སོགས་ཡིན་པའི་ཕྱིར། མཚམས་མེད་ཀྱི་ལས་འདིས་འབྲས་བུ་གང་འབྱིན་པ་ཡིན་ཞེ་ན། བཤད་དུ་ཡོད་དེ། མཚམས་མེད་ཀྱི་སྦྱོར་བ་སྟེ་ལས་བྱས་ན་དེ་ལས་སེམས་མ་ལྡོག་པར་འདོད་ཆགས་དང་བྲལ་བ་དང་འབྲས་བུ་ཐོབ་པ་མི་སྲིད་པའི་ཕྱིར་རོ། །མཚམས་མེད་ལྔའི་ནང་ནས་དགེ་འདུན་དབྱེན་གྱི་དེ་གཙོ་བོར་འཆད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། དེ་ལྟ་བུའི་རྫུན་སྨྲ་བ་ནི་ཁ་ན་མ་ཐོ་བ་ཤིན་ཏུ་ཆེ་བ་དང་། འདིས་འབྱེད་པ་པོ་རྣམས་ཀྱི་མཐོ་རིས་དང་བྱང་གྲོལ་གྱི་ལམ་གྱི་བར་དུ་གཅོད་པ་དང་། དེ་སྔར་མ་འདུམ་གྱི་བར་དུ་ངེས་པ་ལ་མི་འཇུག་ཅིང་། སྔར་ཞུགས་པས་ཀྱང་འབྲས་བུ་གོང་མ་མི་ཐོབ་པའི་རྒྱུ་མཚན་གྱིས་དེ་ལྟར་བཤད་པའི་ཕྱིར། འོ་ན་ལས་ཀྱི་དབྱེན་གྱི་མཚན་ཉིད་ཇི་ལྟ་བུ་ཞེ་ན། བཤད་དུ་ཡོད་དེ། མཚམས་མེད་ནང་གཅིག་ཏུ་དགེ་འདུན་གྱི་སྡེ་གཉིས་ཐུགས་མི་མཐུན་པའི་གསོ་སྦྱོང་སོགས་ལས་མི་མཐུན་པའི་དབྱེ་བར་དམིགས་པ། ལས་ཀྱི་དབྱེན་གྱི་མཚན་ཉིད། |
| Domain | ཆོས་ལུགས། |