54167

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚམས་མེད་པ་ལྔ་ (1)
Part of speech མིང་ཚིག
Definition འཕགས་པ་ལངྐར་གཤེགས་པའི་མདོ་ལས་བྱུང་བ་སྟེ། སེམས་ཅན་རྣམས་ཀྱི་མ། མ་རིག་པ། དགྲ་བཅོམ་པ་བསད་པ། དགེ་འདུན་འབྱེད་པ། དེ་བཞིན་གཤེགས་པ་ལ་གནོད་ཀྱིས་ཁྲག་ཕྱུང་བ།
Domain ཆོས་ལུགས།
མཚམས་མེད་པ་ལྔ་ (2)
Part of speech མིང་ཚིག
Definition འཕགས་པ་ཀུན་རྫོབ་དང་། དོན་དམ་པའི་བདེན་པ་བསྟན་པའི་མདོ་ལས་བྱུང་བ་སྟེ། ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་སྐྱེ་བའི་ཚུལ་གྱིས་སེམས་བསྐྱེད་ནས་བར་མ་དོར་ཉན་ཐོས་དང་། རང་སངས་རྒྱས་དང་། དམིགས་པ་ཅན་དང་། མུ་སྟེགས་ཅན་ཐམས་ཅད་ཀྱི་སར་སེམས་སྐྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཚམས་མེད་པ་དང་པོའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདོག་པ་ཐམས་ཅད་གཏོང་བ་ལ་མི་སྐྱེ་བའི་ཚུལ་གྱིས་སེམས་བསྐྱེད་ནས། ནམ་བྱང་ཆུབ་སྙིང་པོ་ལ་འདུག་གི་བར་དུ་སེར་སྣ་དང་ལྷན་ཅིག་མི་གནས་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཚམས་མེད་པ་གཉིས་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ལ་བདག་གིས་རྣམ་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐྱབ་བོ་སྙམ་དུ་སེམས་མི་སྐྱེད་པའི་ཚུལ་གྱིས་དེ་ལྟར་སེམས་བསྐྱེད་ནས་བར་མ་དོར་མི་ནུར་བ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཚམས་མེད་པ་གསུམ་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་དམ་པར་ན་ཆོས་ཐམས་ཅད་མ་སྐྱེས་པ། མ་བྱུང་བ། དངོས་པོ་མེད་པའོ་ཞེས་བཟོད་པ་མ་ཐོབ་པའི་ཚུལ་གྱིས་བཟོད་པ་ཐོབ་ནས་བར་དུ་རྫས་དང་། ངོ་བོ་དང་། དངོས་པོར་འཛིན་པ་ལེན་པས་མ་ཟིན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཚམས་མེད་པ་བཞི་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པར་བྱའོ། །ཞེས་དེ་ལྟར་མ་སྐྱེས་པའི་ཚུལ་གྱིས་མ་ཐོབ་ཀྱི་བར་དུ་མི་འདུག ཀུན་ཏུ་མི་འདུག་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཚམས་མེད་པ་ལྔའོ། །
མཚམས་མེད་པ་ལྔ་ (3)
Part of speech མིང་ཚིག
Definition མཛོད་གནས་བཞི་པ་ལས་བྱུང་བ་སྟེ། འཁོར་ལོའི་དབྱེན། སངས་རྒྱས་ཀྱི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ། དགྲ་བཅོམ་པ་གསོད་པ། མ་གསོད་པ། ཕ་གསོད་པའོ། །
མཚམས་མེད་པ་ལྔ་ (4)
Part of speech མིང་ཚིག
Definition ཕ་བསད་པ། མ་བསད་པ། དགྲ་བཅོམ་བསད་པ། དགེ་འདུན་གྱི་དབྱེན་བྱས་པ་ནི། དགེ་འདུན་སྡེར་ལོངས་པ་ལྟ་བུ་ཕྱེ་བའོ། །