54170

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚམས་མེད་ལྔ་ (1)
Part of speech མིང་ཚིག
Definition ཕ་གསོད་པ་དང༌། མ་གསོད་པ་དང། དགྲ་བཅོམ་གསོད་པ་དང། དགེ་འདུན་འཁོར་ལོའི་དབྱེན་བྱེད་པ་དང། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་བཅས་སོ། །
Domain ཆོས་ལུགས།
མཚམས་མེད་ལྔ་ (2)
Part of speech མིང་ཚིག
Definition བོན་ལུགས་ལ་དགེ་བ་ལས་ཕྱིན་ཅི་ལོག་པའི་ལས་སྤྱོད་ལོག་པ་ཞིག་ཡིན་ཏེ། རྗེ་མཉམ་མེད་ཆེན་པོའི་མཛོད་འགྲེལ་ལས། ལོག་པའི་ལས་ཀྱི་ཕྲ་རྒྱས་ལ། མཚམས་མེད་ལྔ་དང། ཉེ་བ་བཞི། ལྗི་བ་བཞི། ལོག་པ་བརྒྱད་བསྟན་པའོ། །རྣམ་གྲངས་ལྔ་ནི། རྗེའི་མཛོད་འགྲེལ་ལས། སེང་གེའི་ལྟག་བཅག་པ་ལྟ་བུ་ནི་སློབ་དཔོན་བསད་པ་དང་། ལྷ་བྲན་མིག་བཅར་བ་ལྟ་བུ་ནི་སློབ་བུ་བསད་པ། ལུས་ཀྱི་སྒྲོམ་བཤིག་པ་ལྟ་བུ་ནི་མ་བསད་པ། སྙིང་ཤ་སེ་ཀམ་ནི་སྙིང་ལ་སོགས་པའི་ཆད་པའི་བུ་བསད་པ། རི་རྒྱལ་རྩེ་ནས་བཤིག་པ་ལྟ་བུ་ནི་ཕ་བསད་པའོ། །ཞེས་སོ། །མདོ་བསྡུས་ན། སློབ་དཔོན་བསད་པ་དང་། སློབ་མ་བསད་པ། མ་བསད་པ། སྤུན་གཉེན་ནང་ཁུག་བསད་པ། ཕ་བསད་པ་དང་ལྔའོ། ། སྡིག་བཤགས་གསེར་གྱི་སྤུ་གྲི་ལས། སློབ་མས་སློབ་དཔོན་བསད་པ་དང་། གྲོགས་པོས་གྲོགས་པོ་བསད་པ་དང་། བུ་ཕྲུག་གིས་ཕ་མ་བསད་པ་དང་། ནག་མོས་སྐྱེས་པ་བསད་པ་དང་། འཇིག་རྟེན་པས་དགེ་བྱེད་པ་བསད་པ་དང་། མཚམས་མེད་ལྔའི་ལས། ཞེས་སོ། །