54177

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚམས་ལ་ཡིད་གཉིས་ཟ་བའི་ཚེ་མ་མ་བརྒྱད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སྤྱིར་མཚམས་ལ་ཡིད་གཉིས་ཟ་ཞེས་པ་ཙམ་མ་གཏོགས་མཚམས་ལ་རེ་བ་མེད་པ་དང་འདྲ་བ་ཡིན་ཏེ་སླར་ཡང་མཚམས་ནང་དུ་ཡོང་འདོད་ཀྱི་འདུན་པ་ལོག་པ་ཞིག་གོ །དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་མཚམས་ལ་ཡིད་གཉིས་ཟ་བའི་ཚེ་མ་མ་བརྒྱད་ཡོད་དེ། ཡིད་གཉིས་ནི་ངེས་པས་འབྱིན་པར་བྱེད་པ་དང་འདྲའོ་ཞེས་པའི་མདོ་ལས་གྲུབ་པའི་ཕྱིར། མཚམས་ལ་ཡིད་གཉིས་ཟ་ཞེས་བརྗོད་པ་མ་གཏོགས་མཚམས་ལ་རེ་བ་མེད་པ་དང་འདྲ་བའི་ཕྱིར། འདི་ལའང་བསམ་པ་སྔར་སྐྱེས་པའི་སྦྱོར་བས་འགྲོ་བ་དང་། ཕྱིར་སྐྱེས་པའི་ངེས་པར་བྱེད་པ་གཉིས་གཉིས་སུ་འབྱེད་དགོས་ཏེ། རེ་རེ་ལ་འབྲེལ་མེད་དང་འབྲེལ་བཅས་གསུམ་ཡང་སྔར་བཞིན་ནོ། །ཞེས་གསུངས།
Domain ཆོས་ལུགས།