54178

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚམས་ལ་རེ་བ་ཡོད་པའི་མ་མ་བརྒྱད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། རྙེད་པའི་མཚམས་ལ་རེ་བ་ཡོད་པའི་མ་མ་དེ་ལ་གྲངས་བརྒྱད་ཡོད་པ་སྟེ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གསུམ་པ་མཚམས་ལ་རེ་བ་ཡོད་པའི་མ་མ་བརྒྱད་ཡོད་དེ། འབྲེལ་མེད་གཉིས་དང་། འབྲེལ་བཅས་དྲུག་ཡོད་པའི་ཕྱིར། འབྲེལ་མེད་གཉིས་ཡོད་དེ། མཚམས་ལ་རེ་བ་ཡོད་ཅིང་། རྙེད་པ་ལ་རེ་བ་མེད་པས་མཚམས་ཀྱི་ཕྱི་རོལ་སྲ་བརྐྱང་ཕྱུང་བའི་གཏམ་ཐོས་པ་དང་། ནང་དུ་ཐོས་པ་གཉིས་ཀྱིས་ཆོས་གོས་བྱིན་བརླབས་རང་ཞིག་ཏུ་གྱུར་པ་དེ་ཡིན་པའི་ཕྱིར་ཏེ། རྗེས་སུ་འབྲེལ་བ་མེད་ནའོ། །ཞེས་པའི་མདོ་ལས་གྲུབ་པའི་ཕྱིར། འབྲེལ་བཅས་དྲུག་ཡོད་དེ། མཚམས་དང་རྙེད་པ་གཉིས་ཀ་ལ་རེ་བ་ཡོད་པས་མཚམས་ཀྱི་ཕྱི་རོལ་དུ་སྲ་བརྐྱང་གི་རྙེད་པའི་སྐལ་བ་ལག་ཏུ་ཐོབ་པ་སོགས་གསུམ་དང་། མཚམས་ཀྱི་ནང་དུ་དེ་གསུམ་བྱུང་ན་ཆོས་གོས་བྱིན་བརླབས་རང་ཞིག་ཏུ་འགྱུར་བའི་ཕྱིར་ཏེ། ཡོད་ན་བྱེད་པར་འགྱུར་བ་ཉིད་ཆད་ནའོ་ཞེས་པའི་མདོས་གྲུབ་པའི་ཕྱིར། མཚམས་དང་རྙེད་པ་གཉིས་ཀ་ལ་རེ་བ་ཡོད་པས་ཡུལ་གཞན་དུ་སོང་བ་ན། དགེ་འདུན་གྱི་དུས་ཀྱི་སྔར་བྱིན་བརླབས་ཕྱུང་བ་མ་ཐོས་ཀྱི་བར་དུ་བྱིན་བརླབས་མི་འཇིག་ཅིང་། ཕན་ཡོན་རྗེས་སུ་འཇུག་སྟེ། དེ་ལྟར་ཉམས་སུ་མ་མྱོང་བ་དང་ལྡན་པ་ལ་ནི་མ་ཐོས་ཀྱི་བར་དུ་ཕན་ཡོན་རྗེས་སུ་འཇུག་གོ ། ཞེས་པའི་མདོས་གྲུབ་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།