54179

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚམས་ལེགས་གཟེངས་ཀྱི་འགྲོ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། མཚམས་ལེགས་གཟེངས་ཀྱི་འགྲོས་ནི། སྒྲུབ་པ་བཀའ་བརྒྱད་ལས། པདྨ་གསུང་གི་སྒྲུབ་པ་རྟ་སྐད་ཐེངས་གསུམ་གྱི་དགོངས་པར་བསྟན་པའི་སྐབས། སོར་བཞག་ལྷ་མིའི་ཐེག་པ་ནས་རྫོགས་ཆེན་ཨ་ཏི་ཡོ་གའི་བར་ཐེག་པ་རིམ་པ་དགུ་པོ་མཚོན་བྱེད་ཀྱི་དཔེ་རུ་དྲངས་པའི་རྟ་ཡི་འགྲོས་དགུ་ལས། བཞི་པ་ཕར་ཕྱིན་ཐེག་པ་མཚོན་བྱེད་ཀྱི་དཔེ་སྟེ། བཀའ་བརྒྱད་རྣམ་བཤད་ལས། བཞི་པ། མཚམས་ལེགས་གཟེངས་ཀྱི་འགྲོས་ནི། རྟ་དེ་མགོ་འཕང་བསྒྲིམས་ནས་ཅུང་ཟད་མགྱོགས་པར་འགྲོ་བ་ལྟར་ཐེག་པ་ཆེན་པོའི་མདོ་སྡེ་ཕ་རོལ་ཏུ་ཕྱིན་པའི་དོན་ཐུགས་སུ་ཆུད་པ་རྣམས་ནི་བདག་མེད་གཉིས་རྟོགས་ནས་མཐར་ཐུག་མཉམ་པ་ཉིད་ལ་ངེས་ཤེས་སྐྱེས་ཀྱང་ད་དུང་བསྐལ་པ་གྲངས་མེད་པའི་བར་དུ་སྦྱང་བགྲོད་དགོས་པས་ཐེག་དམན་ལས་སངས་རྒྱས་པ་མྱུར་ལ་སྔགས་ལས་བུལ་བའི་ཕྱིར་རྟ་ཡི་འགྲོས་འདི་དང་སྦྱར་རོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:མཚམས་ལེགས་གཟེངས་ཀྱི་འགྲོ་

|; |@@@ | | }}