54188

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚམས་སྦྱོར་ཉམས་པའི་སྐྱོན་ (1)
Part of speech མིང་ཚིག
Definition སྐྱོན་སེལ་གྱི་ནང་གསེས་དགུ་པ་སྟེ། རྒྱ་གར་སྐད་ཀྱི་དབང་དུ་བྱས་ན་ཚིག་སྦྱོར་གང་དུ་དབྱངས་དང་གསལ་བྱེད་རྣམ་བཅད་ཀྱི་མཚམས་སྦྱོར་བ་དེ་ལ་རྒྱུ་མཚན་གཞན་མེད་བཞིན་དུ་མཚམས་སྦྱོར་མ་བྱས་པ་ཞིག་ལ་ཟེར་ཞིང་། བོད་སྐད་ལ་ནི་ཚིག་སྦྱོར་གྱི་ནང་དུ་རྣམ་དབྱེ་ལས་གཞན་པའི་ཚིག་ཕྲད་སྦྱོར་ཚུལ་སུམ་རྟགས་དག་གསུམ་གྱི་གཞུང་དང་མ་མཐུན་པ་ཞིག་སྟེ། འདི་ཡང་སྙན་ངག་རྩོམ་པའི་ཚེ་ངེས་པར་དུ་སྤང་དགོས་པའི་སྐྱོན་ཆེན་པོ་ཡིན་པས་དམིགས་བསལ་མེད།
Example བོད་མཁས་པས། བསོད་ནམས་མཐུ་ལས་ཛ་ཡ་ཨི་ཤཱ་ར། །ཆེན་པོའི་དཔལ་གྱིས་གསེར་ལྡན་དགའ་མའི་ཁྱོན། །མ་ལུས་དགེ་བ་རྣམ་བཅུའི་བཀའ་ཁྲིམས་ཀྱིས། །ཕྱག་རྒྱས་འདེབས་དེ་མངའ་བདག་ཁྲི་རལ་པ། །ཞེས་པ་ལྟ་བུ། །
Domain རྩོམ་རིག