5421

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁེང་ལོག་ (1)
Part of speech མིང་ཚིག
Definition འབངས་ཀྱིས་ངོ་ལོག་བྱས་པའམ་གྱེན་ལོག་བྱས་པ་ལ་གོ།
Type བརྡ་རྙིང་།
ཁེང་ལོག་ (2)
Part of speech མིང་ཚིག
Definition ཁེང་ལོག་གམ་འབངས་གྱེན་ལོག་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་དོན་རྐྱེན་གྲགས་ཅན་ཞིག་སྟེ། ས་གླང་ཕྱི་ལོ་ ༨༦༩ ལོར་ཁེང་ལོག་གམ་འབངས་གྱེན་ལོག་བྱུང༌། འུ་དུམ་བཙན་པོ་བཀྲོངས་རྗེས་སྲས་གཉིས་སྲིད་ལ་མ་འཆམས་པའི་དབང་གིས་བཙན་པོའི་ཁྱིམ་རྒྱུད་ཀྱི་གཟི་བརྗིད་ཉམས་པ་དང་སྐབས་བསྟུན། སྔར་ཐང་མཚམས་སུ་ཕབ་ཡོད་པའི་རྗེ་ཕྲན་མང་པོའི་གོ་སྐབས་བཙལ་ཏེ། རྒྱུ་མཚན་སྣ་ཚོགས་བགྲངས་ནས་ཁེང་ལོག་པ་ཞིག་ཡིན། འདི་ལྟར་བོད་མཐའ་ནས་དབུས་བར་དུ་བཙན་པོའི་གདུང་རྒྱུད་ངོ་མ་དང་རྫུན་མ་སོགས་བརྩད་དེ་གྱེན་ལོག་བྱུང་སྐབས་གཙོ་བོ་རྗེ་ཅན་བཅུ་ཡིན་པས་དེ་དག་གི་སྐོར་མདོར་བསྡུས་ཤིག་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་འཁོད་པ་འདི་ལྟར། གཙང་ལྷ་བུ་དར་ལྷ་ཡིས་ཞུ་བ་བྱས། །གྲོམ་པ་ལྷ་རྩེ་བཙན་པའི་མཁར་ལ་བརྟེན། ། འབྲོ་དང་ཅོག་རོ་གཉིས་ཀྱིས་མ་ཕྱར་བྱས། །གཙང་སྟོད་ཡུལ་དུ་རྗེ་དཔོན་ཚན་གཅིག་ཆགས། ། ཁ་རག་ཁྱུང་བཙུན་ལྷ་ཡིས་ཞུ་བ་བྱས། །འབྲང་མཁར་བྱེ་བཙན་བཙན་པའི་མཁར་ལ་བརྟེན། ། བྱང་དང་སྣང་གི་མ་ཕྱར་བྱས་ནས་ནི། །རུ་མཚམས་གཞུ་སྙེར་རྗེ་དཔོན་ཚན་གཅིག་ཆགས། ། ཐང་ལྷ་ཡར་བཞུར་ལྷ་ཡིས་ཞུ་བ་བྱས། །ཟྭ་དང་དོམ་པ་བཙན་པའི་མཁར་ལ་བརྟེན། ། སྒྲོ་དང་རྨ་ཡི་མ་ཕྱར་བྱས་ནས་ནི། །འཕན་ཡུལ་ཟ་གང་རྗེ་དཔོན་ཚན་ཞིག་ཆགས། ། ཡར་ལྷ་ཤམ་པོ་ལྷ་ཡིས་ཞུ་བ་བྱས། །རྣ་མོ་མར་རྩེ་མར་རྩེ་གཉིས་ལ་བརྟེན། ། མཆིམས་གཉགས་གཉིས་ཀྱིས་མ་ཕྱར་བྱས་ནས་སུ། །ཡར་ལུང་སྟོད་དུ་རྗེ་དཔོན་ཚན་གཅིག་ཆགས། ། གཏམ་ལྷ་སྤུན་དགུ་ལྷ་ཡིས་ཞུ་བ་བྱས། །བྱ་ཚང་གུང་སྣང་བཙན་པའི་མཁར་ལ་བརྟེན། ། སྙེ་བ་ཕུ་ཤུད་མ་ཕྱར་བྱས་ནས་ནི། །གཏམ་ཤུལ་ལྷོ་བྲག་རྗེ་དཔོན་ཚན་གཅིག་ཆགས། ། འཆོས་ལྷ་དཀོན་པ་ལྷ་ཡིས་ཞུ་བ་བྱས། །ཁུ་གུད་ཅོ་མཁར་བཙན་པའི་མཁར་ལ་བརྟེན། ། ཁུ་གཉགས་གཉིས་ཀྱིས་མ་ཕྱར་བྱས་ནས་ནི། །འཆོས་སུ་རྗེ་དཔོན་ཚན་གཅིག་ཆགས་སོ་སྐད། ། ཞེས་དང༌། དེ་ལྟར་རྗེ་དཔོན་རྗེ་ཚན་རྣམ་པ་དགུ། །ཆོས་འཁོར་རྐྱེན་དུ་རྗེ་ལྷུ་གཅིག་དང་བཅུ། ། ལྷ་ཡིས་ཞུ་བ་བྱས་ནས་ཆགས་པ་ཡིན། །ཞེས་རྗེ་ཅན་བཅུ་ལས་གསུམ་སོགས་སྒྲའི་ཁོངས་སུ་ཤོར་བའི་རྐྱེན་གྱིས་དང༌། རྣམ་གཞག་རྒྱས་པ་སྔོན་གྱི་ཡིག་ལམ་དུ་མ་འཁོད་པས་གྲོམ་པ་ལྷ་རྩེ་དང་བསམ་ཡས་ཀྱི་རྗེ་ཚན་ཙམ་མ་གཏོགས་གཞན་རྣམས་གསལ་བཤད་ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་བྱས་མེད་པས་འདི་ཙམ་ལས་འོལ་ཚོད་བྱེད་ཐབས་དཀའ།
Domain ལོ་རྒྱུས།