From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མཚལ་དཀར་ (1)
| Part of speech
|
མིང་ཚིག
|
| Definition
|
དྲེའུ་སྤུ་ཁ་དམར་ལ་དཀར་ཤས་འདྲེས་པ།
|
| Example
|
དྲེའུ་མཚལ་དཀར་ལ་ཞོན་པ་ལྟ་བུ།
|
མཚལ་དཀར་ (2)
| Part of speech
|
མིང་ཚིག
|
| Definition
|
འདི་རྒྱ་དཀར་ནག་ནས་ཚོང་དུ་འོང་ལ་བོད་ལའང་བཟོ་བར་གཏུབ་པའི་དབྱང་ཧཱ་ཆན་ཞེས་པའི་རྡོ་རིགས་ཏེ། དངུལ་རྡོ་དང་། ཞ་ཉེའི་རྡོ་ཚན་ཆེར་བཞུས་ནས་དངུལ་དང་། ཞ་ཉེའི་ཁུ་བ་འདོན་པའི་སྐབས་སུ་ཐབ་ཀྱི་ཞབས་སུ་སྙིགས་པའི་དབྱང་འགྱུར་དངོས་པོ་ཡིན་པས། འདི་རང་བྱུང་གིས་འབྱུང་བ་དཀོན། སྤྱིར་བཏང་དངུལ་དང་། ཞ་ཉེའི་ཞུན་གྱི་ནང་དུ་ལྕགས་དབྱུག་རིང་པོས་དཀྲུགས་པས་ཐོགས་པ་དེ་ཆུ་གྲང་གི་ནང་དུ་སྲུབ་པས་གྲང་ནས་སྲ་མཁྲེགས་ཀྱི་དངོས་པོ་འདི་གྲུབ་པ་ཡིན། དབྱིབས་དང་ཆེ་ཆུང་ལ་ངེས་པ་མེད་ཅིང་། ཁ་དོག་སེར་སྐྱ་ལྗང་ཞད་ཡོད་པ་ཕྱི་ངོས་འཇམ་ཞིང་། ངོ་བོ་ཧ་ཅང་ལྕི་ལ་ཅུང་ཟད་མཁྲེགས་པ་སེན་མོས་ཐུབ་པ་ཙམ་དང་། ཕྱི་ནང་རིམ་པར་ཆགས་པའི་ཉམས་ཅན་བརྡུངས་ན་ཕྱེ་ཆོག་པ། སོ་སེག་ཅིང་བྲོ་བ་མེད་པ། མེར་བསྲེགས་ན་དུ་བ་དང་དྲི་མ་སོགས་མེད་ཀྱང་ཞུ་ནས་ཞུན་ཁུ་རང་མདོག་འབྱུང་བ་དེ་གྲང་ནས་སྲ་མཁྲེགས་འོད་དང་ལྡན་པའི་དངོས་པོར་འགྱུར་བ་བཅས་སོ། །རོ་ཚ། ཞུ་རྗེས་སྙོམས། ནུས་པས་རྨ་ངན་ལ་སོགས་རུལ་བ་གཅོད། ཆུ་སེར་སྐེམ། དུག་འཇོམས། སྲིན་གསོད། རེག་དུག་དང་བསེ་དྲི་ལའང་ཕན།
|
| Domain
|
གསོ་རིག
|