54217

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚལ་མིན་པ་བསོད་ནམས་བཟང་པོ་ (1)
Part of speech མིང་ཚིག
Definition ཀུན་མཁྱེན་ཡབ་སྲས་བཅུ་བཞིའི་སློབ་མ་གནས་བརྟན་བྷ་ཀུ་ལིའི་སྤྲུལ་པ་མཚལ་མིན་པ་བསོད་ནམས་བཟང་པོ་ནི། ཕྱི་ལོ་ ༡༣༤༡ ལྕགས་མོ་སྦྲུལ་ལོར་ཡུལ་སྐྱེད་ཕུར་སྐུ་འཁྲུངས། དགུང་ལོ་ལྔ་ནས་རབ་ཏུ་བྱུང༌། ཀུན་མཁྱེན་ཆེན་པོའི་ཞབས་སྤྱི་བོས་བླངས་ནས་དགུང་ལོ་བཅུ་བདུན་ནས་སོ་དགུའི་བར་ཉེ་གནས་མཛད་དེ་ཆོས་མང་གསན་པས་ཉམས་རྟོགས་སྐྱེས། ཆོས་རྗེ་སྐུ་འདས་རྗེས། ཕྱོགས་རྒྱལ་བ། ས་བཟང༌། ཉ་དབོན་པ་སོགས་ལས་བཀའ་མདོ་རྒྱུད་བསྟན་བཅོས་མན་ངག་དང་བཅས་པ་གསན། ལྷ་སྒང་དུ་ལོ་བཅུ་གཅིག་བཤད་སྟོན་མཛད། ཆོས་དཔལ་བཟང་པོས་མཚལ་ཆེན་གྱི་དགོན་པ་ཕུལ་ནས་དེར་བཀའ་བརྒྱུད་གོང་མའི་བཤད་སྲོལ་བཙུགས། དགུང་ལོ་དགུ་བཅུར་ཕར་ཕྱིན་གྱི་ཊཱིཀ་མཛད། གོ་གཉིས་སུ་དུས་འཁོར་འགྲེལ་ཆེན་གསུངས། གོ་གསུམ་ཕྱི་ལོ་ ༡༤༣༣ ཆུ་གླང་ལོའི་དང་པོའི་ཚེས་བཅུར་ཞི་བར་གཤེགས་པའང་ངོ་མཚར་བ་མང་པོ་བཅས་ནས་སོ། །