From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མཚུངས་ (1)
| Part of speech
|
མཚུངས་ཚིག
|
| Definition
|
མཚུངས་གསལ་གྱི་སྒྲ་སྡེ་ཚན་དང་པོའི་དྲུག་པ་དཔེ་དོན་གསལ་བར་བྱེད་པ་སྟེ། དཔེ་དང་དཔེ་ཅན་གཉིས་ཕན་ཚུན་མཚུངས་པར་སྦྱོར་བྱེད་ཀྱི་ཚིག་གྲོགས་ཤིག་ཡིན།
|
| Keyword
|
True
|
| Example
|
རྒྱལ་དབང་ལྔ་པས། གསེར་མངལ་བུ་མོའི་དབུ་སྐྱེས་ལན་བུ་འདི། །སྟང་ཟིལ་བརྩེགས་པའི་རི་བོའི་མདོག་དང་མཚུངས། །ཞེས་པ་ལྟ་བུ། སྟང་ཟིལ་ནི་སྨན་བྱེད་ཆོག་པའི་རྡོ་རིགས་ནག་པོ་ཞིག་གི་མིང་ཡིན།
|
| Domain
|
རྩོམ་རིག
|
མཚུངས་ (2)
| Part of speech
|
མཚུངས་ཚིག
|
| Definition
|
མཚུངས་གསལ་གྱི་སྒྲ་སྡེ་ཚན་གཉིས་པའི་ནང་གསེས་འདྲ་བའི་དོན་གསལ་བར་བྱེད་པ་སྟེ། དཔེ་དང་དཔེ་ཅན་གཉིས་ཕན་ཚུན་མཚུངས་པར་སྦྱོར་བྱེད་ཀྱི་ཚིག་གྲོགས་ཤིག་ཡིན།
|
| Example
|
ཁམས་འབྲུག་སྤྲུལ་གྱིས། གཟུགས་ཅན་མ་ཡི་ཟུར་མིག་མདའ། །ཡིད་སྲུབས་ལོངས་སྤྱོད་དག་དང་མཚུངས། །ཞེས་པ་ལྟ་བུ།
|