54228

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚུངས་ཆོས་འབྱེད་བྱེད་གཉིས་ཀ་སྒྲས་ཟིན་པའི་ལྡོག་པ་ཅན་ (1)
Part of speech མིང་ཚིག
Definition ལྡོག་པ་ཅན་གྱི་རྒྱན་གྱི་ནང་གསེས་བརྒྱད་པ་སྟེ། དཔེ་དང་དོན་གཉིས་ཀྱི་མཚུངས་ཆོས་ཚིག་ལ་དངོས་སུ་གསལ་བར་མ་ཟད། དེ་གཉིས་ཀྱི་འབྱེད་བྱེད་ཀྱང་ཚིག་ལ་དངོས་སུ་གསལ་བའི་སྒོ་ནས་སོ་སོར་དབྱེ་བ་འབྱེད་པ་ཞིག་ཡིན།
Example བོད་མཁས་པས། ཕྱག་གི་ཡལ་འདབ་ཟུང་དང་པདྨ་དཀར། །འཇམ་མཉེན་རེག་ན་བདེ་བའི་དཔལ་ལྡན་མོད། །ཕྱག་སོར་ལྷ་ཡི་རྒྱུད་མངས་སྒྲ་འབྱིན་ཞིང་། །པདྨར་བུང་བའི་ན་ཆུང་གླུ་ལེན་ནོ། །ཞེས་པ་ལྟ་བུ།
Domain རྩོམ་རིག