54229

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚུངས་ཆོས་སྒྲས་མ་ཟིན་ཅིང་འབྱེད་ཆོས་སྒྲས་ཟིན་པའི་ལྡོག་པ་ཅན་ (1)
Part of speech མིང་ཚིག
Definition ལྡོག་པ་ཅན་གྱི་རྒྱན་གྱི་ནང་གསེས་དགུ་པ་སྟེ། བརྗོད་འདོད་ཀྱི་དངོས་པོ་གཉིས་ཀྱི་རང་བཞིན་འདྲ་བའི་ཁྱད་ཆོས་སམ་མཚུངས་ཆོས་སྒྲས་ཟིན་ལ་དངོས་སུ་མ་བརྗོད་པར་ཤུགས་ལ་བསྟན་ནས། འབྱེད་ཆོས་སྒྲས་ཟིན་ལ་དངོས་སུ་བརྗོད་ནས་མཚུངས་པ་ལས་དངོས་སུ་ལྡོག་པར་བརྗོད་པ་ལྟ་བུ་ཞིག་ཡིན།
Example བོད་མཁས་པས། དབང་པོའི་གཞུ་རིས་འཁྱོག་པོ་ནམ་མཁའི་རྒྱན། །རྣམ་བཀྲའི་ཚིག་སྦྱོར་འཁྱོག་པོ་ཡིད་ཀྱི་རྒྱན། །མཁའ་འདིས་དངོས་པོ་ཀུན་གྱི་གོ་འབྱེད་ཅིང་། །བདག་ཡིད་ཤེས་བྱ་མཐའ་དག་གཟུགས་སུ་འཛིན། །ཞེས་པ་ལྟ་བུ།
Domain རྩོམ་རིག