54251

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚུངས་མེད་བྱང་ཆུབ་སེངྒེ་ (1)
Part of speech མིང་ཚིག
Definition དཔལ་བཞེས་ཞེས་སུ་འཁྲུངས། རྗེ་ཤཱཀྱ་རྒྱལ་མཚན་ལས་རྫོགས་པ་ཆེན་པོ་ཟངས་ཐལ་གྱི་སྨིན་ཁྲིད་རྫོགས་པར་གསན་ཏེ་རང་ཡུལ་དུ་ཕེབས་དགོངས་སྐབས་ཀཿཐོག་ཏུ་བྱ་ཁུ་བྱུག་གིས་སྐད་སྙན་སྒྲོག་པར་རྨིས་ནས་ཀཿཐོག་རི་རྩིབ་ཏུ་གཏན་འཇགས་སུ་བཞུགས། རྫོགས་པ་ཆེན་པོ་ཟངས་ཐལ་གྱི་འཆད་ཉན་རྒྱ་ཆེར་མཛད་པས་བླ་མ་ལ་མཚན་ཆོས་ཁང་ནང་པ་ཞེས་གྲགས། དེའི་སྐུ་ཚེའི་སྨད་ལ་བུ་འབོར་ཤོག་དྲུང་གི་ནང་ཚན་སྟོད་སྲང་ཆུང་ཟེར་བའི་སར་འཁྲུངས་པ་བུ་འབོར་པ་བཀྲ་ཤིས་རྒྱ་མཚོ་ཀཿཐོག་ཏུ་ཕེབས་ནས་བྲག་འགོར་བཞུགས། མཚུངས་མེད་བྱང་ཆུབ་སེངྒེའི་མདུན་རྫོགས་པ་ཆེན་པོ་དགོངས་པ་ཟངས་ཐལ་གྱི་དབང་ཁྲིད་རྫོགས་པར་གསན། འདི་སྐབས་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེ་ཀཿཐོག་ཏུ་བྱོན་ནས་ཚན་རག་སྒང་དུ་སྒར་བཏབ། བཀྲ་ཤིས་རྒྱ་མཚོའི་མདུན་ཟངས་ཐལ་གྱི་ཁྲིད་གསན་པ་ལས་དགུང་ལོ་སྨིན་སྟབས་དབང་མཛད་མ་ཐུབ། བྱང་བདག་རང་རྣམ་ལས། ཁམས་ཀཿཐོག་ཞབས་དྲུང་སོགས་གཙོ་གྱུར་གྱི་བླ་མ་འགངས་ཆེ་བ་བརྒྱད་ཅུ་རྩ་གྲངས། བླ་ཕྲན་མང་པོ་བཅས་པའི་དགེ་འདུན་བརྒྱ་ཚོ་བཅོ་ལྔ་སྐོར་ལ་ཆོས་འགྲོ་གང་ཆེ་མཛད་ཅེས་གསུངས་པའི་ཞབས་དྲུང་ནི་བཀྲ་ཤིས་རྒྱ་མཚོ་དང༌། ཆོས་བཀའ་བྱང་གཏེར་སྒྲུབ་སྐོར་རྣམས་རྣམ་གསུམ། ཕུར་པ་སྤུ་གྲི། བཀའ་བརྒྱད་རང་ཤར་སོགས་ཀྱི་དབང་ཁྲིད་རྒྱ་ཆེར་སྤེལ། བཀྲ་ཤིས་དབང་ཕྱུག་དང༌། དབོན་བཀྲ་ཤིས་རིན་ཆེན་སོགས་རང་གི་མིང་ལས་དྲངས་ཏེ་མཚན་བཏགས།

{{#arraymap:མཚུངས་མེད་བྱང་ཆུབ་སེངྒེ་

|; |@@@ | | }}