54262

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚུངས་ལྡན་གྱི་མི་དགེ་བ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ངོ་བོ་ཉིད་ཀྱིས་མི་དགེ་བ་དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་བྱུང་རྣམས་ནི་མི་འཕྲོད་པའི་སྨན་དང་སྦྱར་བའི་བཏུང་བ་ལྟར་མཚུངས་ལྡན་གྱིས་མི་དགེ་བ་ཡིན་ནོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། ངོ་བོ་ཉིད་དེ་དག་དང་མཚུངས་ལྡན་གྱི་སེམས་དང་། ཚོར་བ་ལ་སོགས་པའི་སེམས་བྱུང་རྣམས་ནི་མཚུངས་ལྡན་གྱི་མི་དགེ་བ་ཡིན་ཏེ། མི་དགེ་བའི་སེམས་དང་མཚུངས་པར་ལྡན་པའི་སྟོབས་ཀྱིས་མི་དགེ་བར་སོང་བའི་ཕྱིར་རོ་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།
མཚུངས་ལྡན་གྱི་མི་དགེ་བ་ (2)
Part of speech མིང་ཚིག
Definition མི་དགེ་བ་བཞིའི་ནང་གསེས་ཤིག་སྟེ། མི་དགེ་བའི་རྩ་བ་དང་ངོ་ཚ་མེད་པ་དང་ཁྲེལ་མེད་པ་དེ་དག་དང་མཚུངས་པར་ལྡན་པའི་ཆོས་རྣམས་ནི་མཚུངས་ལྡན་གྱི་མི་དགེ་བ་སྟེ།
Example དུག་དང་སྦྱར་བའི་བཏུང་བ་བཞིན་ནོ། །