From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མཚུངས་ལྡན་གྱི་རྒྱུ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་པ། མཚུངས་ལྡན་ལྔས་མཚུངས་པར་ལྡན་པའི་སྒོ་ནས་ཕན་འདོགས་བྱེད་དུ་དམིགས་པ། མཚུངས་ལྡན་གྱི་རྒྱུའི་མཚན་ཉིད། མཚན་གཞི་ནི། སེམས་སེམས་བྱུང་ལྟ་བུ། འོ་ན་མཚུངས་ལྡན་གྱི་རྒྱུ་དང་། ལྷན་ཅིག་འབྱུང་རྒྱུ་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། ཁྱད་པར་ཡོད་དེ། ཕན་ཚུན་འབྲས་བུར་གྱུར་པའི་སྒོ་ནས་དུས་མཉམ་དུ་འབྱུང་བས་ལྷན་ཅིག་འབྱུང་རྒྱུ་དང་། མཚུངས་ལྡན་ལྔས་མཚུངས་པར་འབྱུང་བས་མཚུངས་ལྡན་གྱི་རྒྱུར་བཞག་པའི་ཕྱིར།
|
| Example
|
མགྲོན་པོ་རྣམས་ཕན་ཚུན་སྟོབས་བསྐྱེད་ནས་ལམ་དུ་འགྲོ་བ་དང་། ཟས་ལ་སོགས་པའི་བྱ་བ་ཐུན་མོང་དུ་ལོངས་སྤྱོད་པ་བཞིན་ནོ། །
|
| Domain
|
ཆོས་ལུགས།
|
མཚུངས་ལྡན་གྱི་རྒྱུ་ (2)
| Part of speech
|
མིང་ཚིག
|
| Definition
|
རང་དང་དུས་མཉམ་པའི་འབྲས་བུ་དེ་དང་ཕན་ཚུན་རྒྱུ་འབྲས་སུ་འགྱུར་བ་གང་ཞིག མཚུངས་ལྡན་ཡིན་པ། མཚན་གཞི་ནི་དམིགས་པ་དང། རྣམ་པ་དང། རྫས་དང་དུས་མཚུངས་པ་ཙམ་མཚུངས་ལྡན་གྱི་རྒྱུར་འཇོག་ན་གང་ཟག་ཕན་ཚུན་གྱི་སེམས་སེམས་བྱུང་རྣམས་ཀྱང་མཚུངས་ལྡན་གྱི་རྒྱུར་འགྱུར་བས་རྟེན་དབང་པོ་གཅིག་ལ་བརྟེན་པའི་སེམས་སེམས་བྱུང་རྣམས་སོ་ཞེས་ཀུན་མཁྱེན་གོ་རམས་པའི་ངོ་མཚར་སུམ་ལྡན་ལས་སོ། ། མཚུངས་པར་ལྡན་པའི་རྒྱུ་ནི་སེམས་དག་དང་སེམས་ལས་བྱུང་བ་མིག་ལ་སོགས་པའི་རྟེན་མཚུངས་པ་ཅན་རྣམས་སོ་ཞེས་སྨྲོས་པས། དམིགས་པ་དང་རྣམ་པ་དང་དུས་དང་རྫས་མཚུངས་པའང་གཟུང་ངོ་། །དེས་ན་སེམས་དང་སེམས་བྱུང་ནི་ཕན་ཚུན་རྒྱུ་འབྲས་ཡིན་པའི་ཕྱིར་དང་། མཚུངས་པར་ལྡན་པ་ལྔས་མཚུངས་པར་གནས་པའི་ཕྱིར་མཚུངས་ལྡན་གྱི་རྒྱུ་ཞེས་བྱའོ། །དེ་ཡང་ལྷན་ཅིག་འབྱུང་བའི་རྒྱུ་ནི་སྤྱི་ཡིན་ལ། མཚུངས་ལྡན་གྱི་རྒྱུ་ནི་བྱེ་བྲག་ཡིན་ནོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། མཚུངས་ལྡན་ཡིན་པ་གང་ཞིག་རང་དང་དུས་མཉམ་པའི་འབྲས་བུ་དེ་དང་ཕན་ཚུན་རྒྱུ་འབྲས་སུ་གྱུར་པའོ། །མཚན་གཞི་ནི། རྟེན་དབང་པོ་གཅིག་ལ་བརྟེན་པར་མཚུངས་པའི་སེམས་སེམས་བྱུང་རྣམས་ཡིན་ཏེ། དཔེར་བརྗོད་ན་མིག་གི་རྣམ་ཤེས་དང་དེའི་འཁོར་དུ་བྱུང་བའི་ཚོར་བ་གཉིས་ལ་སོགས་པ་ལྟ་བུའོ། །རྟེན་མི་མཚུངས་ན་དམིགས་པ་དང་རྣམ་པ་དང་རྫས་དང་དུས་མཚུངས་ཀྱང་མཚུངས་ལྡན་གྱི་རྒྱུར་མི་འགྱུར་ཏེ། གང་ཟག་ཕན་ཚུན་གྱི་སེམས་སེམས་བྱུང་རྣམས་དམིགས་པ་མཚུངས་པ་སོགས་ཡོད་ཀྱང་རྟེན་ཐ་དད་པས་མཚུངས་ལྡན་གྱི་རྒྱུར་མ་བཞག་གོ ། དམིགས་པ་མཚུངས་པ་སོགས་གང་ཟག་ཐ་དད་པ་ཡང་ཡོད་དེ། སྐྱེས་བུ་ལྷས་བྱིན་དང་མཆོད་བྱིན་གྱི་མིག་ཤེས་གཉིས་ཕྱི་རོལ་ཡུལ་གྱི་དངོས་པོ་གཅིག་ཉིད་ལ་དམིགས་པ་དང་། ཡུལ་དེའི་རྣམ་ལྡན་དུ་སྐྱེས་པ་སོགས་ཡོད་དོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
|
མཚུངས་ལྡན་གྱི་རྒྱུ་ (3)
| Part of speech
|
མིང་ཚིག
|
| Definition
|
རྒྱུ་དྲུག་གི་ནང་གསེས་ཤིག་སྟེ། ཅོ་ནེའི་མཛོད་ཀྱི་ཊཱིཀྐ་ལས། མཚུངས་ལྡན་གྱི་རྒྱུ་ཆོས་ཅན། ཁྱོད་འཇོག་ཚུལ་ཡོད་དེ། ཐུན་མོང་མ་ཡིན་པའི་བདག་རྐྱེན་གཅིག་ལ་བརྟེན་པར་མཚུངས་པ་ཅན་གྱི་སེམས་དག་དང་སེམས་བྱུང་རྣམས་ཕན་ཚུན་རྒྱུ་འབྲས་སུ་འཇོག་པའི་ཕྱིར། ཞེས་གསུངས།
|