54265
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། བཟོའི་སེམས་ལ་སོགས་པ་དང་མཚུངས་པར་ལྡན་པ་ནི་མཚུངས་པར་ལྡན་པས་ལུང་མ་བསྟན་ཡིན་ནོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། རྣམ་སྨིན་སྐྱེས། སྐྱེས་ཐོབ། སྤྱོད་ལམ་པ། སྤྲུལ་པའི་སེམས་བཞི་པོ་དེ་དག་གི་སེམས་སེམས་བྱུང་དང་མཚུངས་པར་ལྡན་པ་རྣམས་ནི་མཚུངས་ལྡན་གྱི་ལུང་མ་བསྟན་ཡིན་ནོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། ། |
| Domain | ཆོས་ལུགས། |