54266
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། ཕྲ་རྒྱས་སུ་གྱུར་པའི་སེམས་སེམས་བྱུང་རྣམས་ནི་ཉོན་མོངས་པ་ཅན་གྱི་སེམས་དང་མཚུངས་ལྡན་གྱི་སྒོ་ནས་ཟག་པ་རྒྱས་འགྱུར་ནི་ཡིན་ལ། དེས་ན་དགེ་བ་ཟག་བཅས་དང་། མ་སྒྲིབ་ལུང་མ་བསྟན་རྣམས་དང་། ཉོན་མོངས་པ་ཅན་གྱི་སེམས་དང་ལྷན་ཅིག་པའི་གཟུགས་ཕུང་དང། ལྡན་མིན་འདུ་བྱེད་རྣམས་ཀྱང་མཚུངས་ལྡན་སྒོ་ནས་ཟག་པ་རྒྱས་འགྱུར་མ་ཡིན་ཏེ། དེ་དག་ཉོན་མོངས་ཅན་གྱི་སེམས་དང་མཚུངས་ལྡན་མ་ཡིན་པའི་ཕྱིར། །འོ་ན་སྣོད་ཀྱི་འཇིག་རྟེན་དང་དགྲ་བཅོམ་པའི་རྣམ་སྨིན་གྱི་ཕུང་པོ་སོགས་མ་སྒྲིབ་ལུང་མ་བསྟན་དང། དགེ་བ་ཟག་བཅས་རྣམས་ཇི་ལྟར་ཡིན་ཞེ་ན་དེ་དག་རྣམས་ནི་རང་ཉིད་ཟག་པ་དམིགས་ཡུལ་དུ་བྱེད་པའམ་དེ་དང་མཚུངས་ལྡན་གྱི་སྒོ་ནས་ཟག་པ་རྒྱས་འགྱུར་མིན་ཡང་ཟག་པ་ཉོན་མོངས་རྣམས་ཀྱིས་རང་ཉིད་ལ་དམིགས་པའི་སྒོ་ནས་ཟག་པ་རྒྱས་པར་འགྱུར་བས་ན་ཟག་བཅས་སུ་བཞག་སྟེ། དཔེར་ན་འདོད་པའི་ཉོན་མོངས་ཀྱིས་འདོད་པའི་སྣོད་ཀྱི་འཇིག་རྟེན་ལ་དམིགས་པའི་སྒོ་ནས་ཟག་པ་རྒྱས་པར་འགྱུར་བ་ལྟ་བུའོ། །འགོག་ལམ་གཉིས་ནི་ཉོན་མོངས་ཀུན་འགྲོ་མ་ཡིན་པ་རྣམས་ཀྱིས་རང་ཉིད་ལ་དམིགས་པའི་སྒོ་ནས་ཟག་པ་སྐྱེ་བ་ཡོད་ཀྱང་རྒྱས་པར་མི་འགྱུར་བས་ན་ཟག་མེད་དུ་བཤད་དོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། ། |
| Domain | ཆོས་ལུགས། |