54267
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། ཚོར་བ་ལ་སོགས་པ་གང་དང་མཚུངས་པར་ལྡན་པའི་ཕྲ་རྒྱས་རྣམས་ཏེ། ཕྲ་རྒྱས་གང་ཞིག་ཆོས་གང་དང་མཚུངས་པར་ལྡན་པ་དེ་ནི་དེར་མཚུངས་པར་ལྡན་པའི་སྒོ་ནས་ཇི་སྲིད་མ་སྤངས་པ་དེ་སྲིད་དུ་རྒྱས་པར་འགྱུར་རོ། །སྤངས་ན་མཚུངས་པར་ལྡན་ཀྱང་རྒྱས་པར་མི་འགྱུར་བའི་ཕྱིར་རོ། །དེས་ན་མཚུངས་ལྡན་ཁོ་ནས་རྒྱས་པ་ནི་སྔར་མ་སྤངས་པའི་ཕྲ་རྒྱས་ཟག་མེད་ལ་དམིགས་པ་བཅུ་གཉིས་མ་རིག་པ་དྲུག་གི་ཆ་དང་སྐལ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་རྣམས་དང་ས་ཀུན་ཏུ་འགྲོ་བ་དག་ཀྱང་གཟུང་ངོ་། །དམིགས་པས་རྒྱས་ལ་མཚུངས་ལྡན་གྱིས་མི་རྒྱས་པ་མི་སྲིད་པས་གཉིས་ཀས་རྒྱས་པ་ནི་གཞན་དྲུག་ཅུ་རྩ་གཉིས་དང་མ་རིག་པ་དྲུག་གི་ཆ་གཞན་དང་བཅོ་བརྒྱད་ཀྱི་རང་སར་དམིགས་པ་རྣམས་སོ། ། |
| Domain | ཆོས་ལུགས། |