54268
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། འདུ་བྱེད་ཀྱི་ཕུང་པོ་ལ་གཉིས་ཡོད་པའི་ཡ་གྱལ་ཞིག་དང་། མཚུངས་ལྡན་མ་ཡིན་པའི་འདུ་བྱེད་ཀྱི་ཕུང་པོ་སྟེ་ཤེས་པ་མ་ཡིན་པའི་འདུ་བྱེད་ཀྱི་ཕུང་པོ་ནི་ལྡན་མིན་འདུ་བྱེད་དང་དོན་གཅིག་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། དེ་ཡང་ཚོར་བ་དང་འདུ་ཤེས་ལས་གཞན་པའི་སེམས་བྱུང་རྣམས་ནི་མཚུངས་ལྡན་གྱི་འདུ་བྱེད་དང༌། ཐོབ་པ་ལ་སོགས་པ་གཞན་རྣམས་མཚུངས་ལྡན་མ་ཡིན་པའི་འདུ་བྱེད་དེ། ལྡན་མིན་འདུ་བྱེད་ཅེས་པ་དང་དོན་གཅིག་གོ། །ཞེས་གསུངས། དོན་གཅིག་ལ། གཟུགས་དང་ཤེས་པ་གང་ཡང་མིན་པའི་འདུས་བྱས། ཤེས་པ་མ་ཡིན་པའི་འདུ་བྱེད་ཀྱི་ཕུང་པོ། མཚུངས་ལྡན་མ་ཡིན་པའི་འདུ་བྱེད། ལྡན་མིན་འདུ་བྱེད། སེམས་དང་མི་ལྡན་པའི་འདུ་བྱེད། མི་ལྡན་པའི་འདུ་བྱེད་ཀྱི་གཞི་རྣམས་སོ།། |
| Domain | ཆོས་ལུགས། |