54270
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། ཕུང་པོ་ལྔའི་ནང་གི་འདུ་བྱེད་ཀྱི་ཕུང་པོ་ལ་གཉིས་ཡོད་པའི་ཡ་གྱལ་ཞིག་དང་། དེ་ཡང་མཚུངས་ལྡན་འདུ་བྱེད་ཀྱི་ཕུང་པོའམ་ཤེས་པ་ཡིན་པའི་འདུ་བྱེད་ཀྱི་ཕུང་པོ་སྟེ། མདོར་ན་ཚོར་བའི་ཕུང་པོ་དང་འདུ་ཤེས་ཀྱི་ཕུང་པོ་ལས་གཞན་པའི་སེམས་བྱུང་རྣམས་ཡིན་ཏེ། སེར་སྨད་རྒྱལ་དབང་མཛོད་ལས། དེ་ཡང་ཚོར་བ་དང་འདུ་ཤེས་ལས་གཞན་པའི་སེམས་བྱུང་རྣམས་ནི་མཚུངས་ལྡན་གྱི་འདུ་བྱེད་དང༌། ཞེས་གསུངས། དོན་གཅིག་ལ། མཚུངས་ལྡན་འདུ་བྱེད། ཤེས་པ་ཡིན་པའི་འདུ་བྱེད་ཀྱི་ཕུང་པོ། ཚོར་བ་དང་འདུ་ཤེས་ལས་གཞན་པའི་སེམས་བྱུང་ངོ་། ། |
| Domain | ཆོས་ལུགས། |