54274
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཔེ་རྒྱན་སོ་གཉིས་ཀྱི་ནང་གསེས་སུམ་ཅུ་སོ་གཅིག་པ་སྟེ། དཔེ་ཡོན་ཏན་ལྷག་པ་ཞིག་དང་། དཔེ་ཅན་ཡོན་ཏན་དམན་པ་གཉིས་ཀྱིས་བྱ་བ་རིགས་འདྲ་བ་གང་ཞིག་ཡིན་པ་དེའི་རང་བཞིན་གཅིག་ཏུ་བསྡུས་ནས། ཕན་ཚུན་མཚུངས་པར་སྦྱོར་བའི་རྒྱན་ཞིག |
| Example | བོད་མཁས་པས། དཔལ་ལྡན་དཎྡི་འཕགས་པའི་ཡུལ་ལྗོངས་དང་། །མཁས་ཁྱོད་ཁ་བ་ཅན་འདིར་སྙན་ངག་སྨྲ། །དེས་ནི་ཕྱིར་རྒོལ་སྨྲ་བ་ངན་རྣམས་དང་། །ཁྱོད་ཀྱིས་མ་རིག་འཐིབས་བུ་ཡོངས་སུ་འདུལ། །ཞེས་པ་ལྟ་བུ། |
| Domain | རྩོམ་རིག |