54298
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བརྒྱད་པའི་མེ་ཡོས་ཕྱི་ལོ་ ༡༤༤༧ ལོར། མཚུར་ཕུ་འཇམ་དབྱངས་དོན་གྲུབ་འོད་ཟེར་གྱིས་རྗེ་རང་བྱུང་རྡོ་རྗེའི་རྗེས་སུ་འབྲངས་ཏེ། རྩིས་ཀྱི་གཞུང་ལུགས་ཆེན་མོ་ཞེས་པ་མཛད། མཚུར་ཕུའི་ལོ་ཐོ་ཞེས་པ་ཐོག་མར་བཏོན། སྔ་རབས་ཀྱི་བྱ་ཞག་རྩིས་ལ་སོགས་པའི་དུས་བརྟག་གནམ་དཔྱད་རྣམས། ཚེས་ཁོངས་སུ་བཀོད་པ་ཟླ་རེའི་གནམ་གཤིས་འགྱུར་ལྡོག་དང༌། ཉི་ཟླ་གཟའ་འཛིན། ཚེས་གྲངས་ཆད་ལྷག བཙའ་ཐན་སད་སེར་སོགས་རང་བྱུང་གི་གནོད་འཚེ་གང་ཡོད་བཅས་སྔོན་བརྡ་བསྟན་ཡོད་པས། དུས་ཕྱིས་དབུས་གཙང་ཁུལ་དུ་འདི་དར་ཁྱབ་ཆེ། རྩིས་ཀུན་བསྡུས་པ་ལ་འཕྲིན་ལས་པ་ཕྱོགས་ལས་རྣམ་རྒྱལ་གྱི་རྩིས་འགྲེལ་ཞེས་པ་དང༌། དཔའ་བོ་གཙུག་ལག་ཕྲེང་བས་རྩིས་འགྲེལ་རིན་ཆེན་གཏེར་མཛོད་ཅེས་མཛད་པ་སོགས་ཀྱིས་དར་སྤེལ་བཏང་བ་ལ་མཚུར་ལུགས་ཞེས་སུ་གྲགས། རབ་བྱུང་བཅུ་བཞི་པའི་ཆུ་བྱི་ཕྱི་ལོ་ ༡༨༥༢ ལོར་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་སྐར་རྩིས་ལེགས་བཤད་ཀུན་བཏུས་བརྩམས་པ་དེ་ཉིད་དུས་ཕྱིས་མཚུར་ལུགས་ལག་ལེན་བྱེད་མཁན་རྣམས་ཀྱི་ལག་ལེན་བྱེད་ཐབས་ཀྱི་གཞུང་གཙོ་བོ་ཞིག་ཏུ་གྱུར་ཏོ། ། |
| Domain | རྩིས་རིག |