54303
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་གཅིག་པའི་སྨད་དུ་དོལ་མདར་ཡབ་སྔགས་པ་མཐུ་ཆེན་ཞིག་གི་སྲས་སུ་འཁྲུངས། གདུང་རུས་མཚུར་(འཚུར་)ཡིན། ཆུང་དུས་ནས་བཤེས་གཉེན་ལྕེ་པའི་མདུན་དུ་ཕེབས། དཀའ་བ་དུ་མ་སྤྱད་ནས་སློབ་གཉེར་མཛད། དུས་ཕྱིས་སུ་སྐུ་བསོད་རྒྱས། འབུམ་བཞེངས་པའི་ཡིག་མཁན་ལ་ད་ལྟ་གསང་བ་འདུས་པའི་གདམས་པ་སུ་ཆེ་དྲིས་པས་ལྷོ་བྲག་མར་པ་ཆེ་ཟེར། དད་པ་ཚད་མེད་སྐྱེས་ཏེ་ལྷོ་བྲག་བྲོ་བོ་ལུང་དུ་བྱོན། རྗེ་མར་པའི་བཀའ་ལུང་ལྟར་མཐུ་མཛད་དེ་སྐུ་དགྲ་མར་པ་མོན་ནག་བཏུལ། གསང་བ་འདུས་པའི་རྒྱུད་དང་གདམས་ངག་མང་དུ་ཞུས། དུས་ཕྱིས་སུ་རྗེ་མར་པ་མཚུར་གྱི་དོལ་མདའ་ལ་སྤྱན་དྲངས། ཆོས་རིམ་ལྔའི་མན་ངག་དང་། རྒྱུད་རྐྱང་གི་བཤད་པ་ཡོངས་རྫོགས་ཞུས། སྒྲུབ་པ་ཉམས་ལེན་མཛད། སློབ་མ་གྲགས་ཆེ་བ་ནི་ཁམས་པ་རོ་མཉམ་རྡོ་རྗེ་དང་། འཁོན་གད་པ་ཀཱིཏི། འཆེས་སྟོན་བསོད་ནམས་རྒྱལ་མཚན་བཅས་ཡིན། རྗེ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་ཀ་ཆེན་བཞི་ལས་ཤར་གྱི་ཀ་ཆེན་ཡིན། |