54314
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཐལ་མདོག་ཤིང་ལྟར་མཁྲེགས་ཤིང་གྱོང་བ་ཨ་ར་ལྟ་བུའི་རྩ་ཕྲན་ཡོད་པ་དང༌། སྡོང་པོ་ལྗང་སེར་ལ་རིང་ཐུང་སྦོམ་ཕྲ་སོགས་སྐྱེ་གནས་དབང་གིས་སྣ་ཚོགས་མཆིས་པ། ལོ་མ་སྔོ་ལྗང་ཁབ་དབྱིབས་འདྲ་བར་ཚིགས་པ་ཡོད་ཅིང་ཚིགས་མཚམས་ནས་ལོ་མ་འཁོར་བརྩེགས་སྐྱེ་ཞིང་ཚིགས་པའི་གཡས་གཡོན་དུ་སྐྱི་ལྤགས་སྲབ་པོས་བཏུམ་པ་དང༌། ལོ་མ་དང་སྡོང་པོའི་ནང་སྙིང་སེར་པོ་དམ་ཚི་ཡོད་པར་དྲི་ཞིམ་མནམ་པ། མེ་ཏོག་དམར་སྐྱ་ཆུང་ལ་འདབ་མ་ལྔ་དང་ལྡན་པ་ཁ་དོག་སེར་སྐྱ་འཆར་བའང་ཡོད། འབྲས་བུ་སྨིན་ཚེ་དམར་པོ་ཆུང་བ་སྙིང་དབྱིབས་ཅན་ཤ་རྒྱུ་ཡིན་པའི་ནང་རུས་པ་ནག་མཁྲེགས་གཉིས་རེ་ཙམ་ལྡན་པ། རྒྱུན་དུ་མཚེ་འབྲུ་གུ་ཡོད་པ་ལུག་མཚེ་དང༌། འབྲུ་གུ་མེད་པ་ར་མཚེ་ཞེས་བརྗོད་པ་སྟེ། བོད་ཀྱི་ས་གནས་ཕལ་ཆེ་བར་སྐྱེས་པ། ལོ་སྡོང་མེ་འབྲས་ལྷན་ཅིག་སྟོན་དཔྱིད་གང་རུང་ལ་བཏུས་ཏེ་རབ་བྱུང་ན་ཁཎྜ་བཟོ་དགོས་པ་དང་དེ་མིན་གཙང་མ་བཀྲུས་རྗེས་སྨན་དུ་སྤྱད་རྒྱུ། རོ་ཁ་ལ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ཞིང་རྩུབ་པས་རྩ་ནས་ཁྲག་ཤོར་བའི་རིགས་དང༌། ཚད་པ་གསར་རྙིང༌། མཁྲིས་ཚད། འགྲམས་འཁྲུགས། མཆེར་ཚད་དང་མཚིན་ཚད་སོགས་ལ་ཕན་པ་ཡིན། |
| Domain | གསོ་རིག |