54367

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚོ་མོ་འགུལ་ (1)
Part of speech མིང་ཚིག
Definition བསམ་ཡས་གཙུག་ལག་ཁང་གི་ལྷོ་ནུབ་ངོས་སུ་གནས་པའི་མཚོ་མོ་མགུལ་ནི། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བསམ་ཡས་མཆིམས་ཕུའི་གེ་གོང་དུ་ཀླུ་འདུལ་གྱི་ཏིང་ངེ་འཛིན་ལ་བཞུགས་སྐབས་བསམ་ཡས་བཞེངས་པའི་ལས་གྲྭར་ཤིང་ཆ་སོགས་ཟད་ནས་དབུ་ཚལ་ཀླུས་ཁྱེའུ་ཞིག་ལ་སྤྲུལ་ཏེ་རྒྱལ་པོ་ལ་སློབ་དཔོན་གྱི་ཀླུ་འདུལ་དགོངས་པ་གློད་ན་ཤིང་ཆ་སོགས་ཀྱི་དངོས་གྲུབ་སྟེར་བར་ཁས་བླངས་པ་བཞིན་ཤིང་དང་གསེར་སོགས་མང་པོ་ཞིག་ཀླུས་ཕུལ་བའི་ལོ་རྒྱུས་ལྡན་པའི་མཚོ་མོ་ཞིག་ཡོད་པ་དེ་ཡིན་ནོ། །